ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་སུའུ་ཏན་གྱིས་མཚོ་ཐོག་ཐད་གཏོང་གནམ་གྲུ་ཤར་གཏོང་ཐུབ་པའི་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་སུའུ་ཏན་བར་གྱི་མཚོ་ཐོག་དངོས་ཟོག་སྐྱེལ་འདྲེན་ཐད་འཕུར་གནམ་གྲུ་ཡི། སུའུ་ཏན་དང་ཀྲུང་གོའི་མྱུར་བགྲོད་ལམ་ཐིག་གི་འཕུར་ཐེངས་དང་པོའི་མཛད་སྒོ་ས་དེའི་དུས་ཚོད་ཚེས་ཉེར་དྲུག་ཉིན་གྱི་དགོང་མོ་སུའུ་ཏན་གྱི་རྒྱལ་ས་ཁ་ཧྲི་མུའུ་རུ་བསྡུས།

སུའུ་ཏན་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་ཨའེ་ཧ་མའེ་ཏི·ཨ་པུའུ་ཀྲ་ཏི་དང་ཞིང་ལས་པུའུ་ཡི་པུའུ་ཀྲང་ཨ་པུའུ·པཱ་ཁི་ཨར། སུའུ་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་མཱ་ཞིན་མེན་དང་། དེ་བཞིན་ཀྲུང་སུའུ་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་སུམ་བརྒྱ་ལྷག་ཐེངས་འདིའི་མཛད་སྒོར་ཞུགས།

མཱ་ཞིན་མེན་གྱིས་ཤིས་ཚིག་འབུལ་སྐབས་ཨ་ཧྥེ་རི་ཁའི་བྱང་ཤར་རྒྱུད་དང་ཧུང་ཧའེ་ནུབ་ངོགས་སུ། སུའུ་ཏན་ནི་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོའི་དབུས་རྒྱུད་དང་སྦྲེལ་མཐུད་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཡིན་ལ། ས་དབུས་རྒྱ་མཚོ་དང་ཨེ་ཤེ་ཡ་ནུབ་མ། ཡོ་རོབ་ལྷོ་མ་བཅས་ལ་ཁྱབ་འགྱེད་བྱེད་པའི་འགག་རྩ་ཞིག་ཀྱང་རེད། ཀྲུང་གོ་དང་སུའུ་ཏན་ཕྱོགས་གཉིས་ཀྱི་མཚོ་ཐོག་སྐྱེལ་འདྲེན་ཐད་ཀྱི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ལ་མདུན་ལམ་ཡང་རྒྱ་ཆེན་པོ་ཡོད་ཅེས་བཤད།

ངོ་སྤྲོད་བྱས་པ་ལྟར་ན། སུའུ་ཏན་དང་ཀྲུང་གོའི་མྱུར་བགྲོད་ལམ་ཐིག་ནང་ཞུགས་པའི་དངོས་ཟོག་སྐྱེལ་འདྲེན་གྲུ་གཟིངས་ཐོག་མ་དེ་ཟླ་འདིའི་ཚེས་བཅུ་བཅུ་གཅིག་ཉིན་དངོས་སུ་སུའུ་ཏན་གྲུ་ཁ་ནས་ལམ་ལ་ཆས་ཟིན་པ་དང་། སྔོན་དཔག་བྱས་པ་ལྟར་ན། ཟླ་བདུན་པའི་ཚེས་གཅིག་ཉིན་ཀྲུང་གོའི་ཧྲན་ཏུང་གི་རི་ཀྲའོ་གྲུ་ཁར་འབྱོར་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།