ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ནོར་སྲིད་པུའུ་ཡིས་ཨུ་རུ་སུས་བུ་ལོན་འཇལ་བའི་འོས་འགན་གཏན་ནས་མི་སྒྲུབ་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། ཨུ་རུ་སུའི་ནོར་སྲིད་པུའུ་ཡིས་གནས་ཚུལ་སྤེལ་ཏེ། ཨུ་རུ་སུས་མ་འཇོག་བྱེད་མཁན་སྣ་ཚོགས་ཀྱི་བུ་ལོན་འཇལ་བའི་འོས་འགན་གཏན་ནས་སྒྲུབ་མྱོང་མེད་ཅེས་བཤད། ཕྱི་དངུལ་སྤྱོད་པའི་ལག་རྩལ་མི་འདང་བའི་རྐྱེན་གྱིས། ཨུ་རུ་སུའི་ཙུང་ཐུང་གི་བཀའ་རྒྱ་ལྟར་མ་འཇོག་བྱེད་མཁན་ལ་ལུའུ་པུའུ་ཡིས་སྤྲད་པའི་བསྡོམས་རྩིས་ལམ་སྲོལ་གསར་པ་མཁོ་འདོན་བྱས་ཡོད།

གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུ་ཕྱོགས་ཀྱིས་དུས་བཅད་ལྟར་ཡོ་རོབ་ཀྱི་བུན་འཛིན་འཇལ་སྤྲོད་བྱས་ཟིན་ཅེས་བཤད། འབྲེལ་ཡོད་གན་རྒྱའི་ཡིག་ཆའི་ནང་ཕྱོགས་གསུམ་པའི་བྱ་སྤྱོད་ཀྱི་དབང་གིས་ཡོ་རོབ་ཀྱི་བུན་འཛིན་མ་དངུལ་གཏོང་མཁན་ལ་དངུལ་དུས་ལྟར་མ་འབྱོར་བ་ཡིན་ན། བུ་ལོན་གྱི་རྩ་དོན་ལས་འགལ་བར་བརྩི་རྒྱུ་ཡིན་ཞེས་ཁ་གསལ་བཏོན་མེད། མ་དངུལ་འཇོག་མཁན་གྱིས་ཨུ་རུ་སུ་ནས་མ་དངུལ་ལག་ཏུ་མ་ཡོང་བ་ཡིན་ན། སྤྱིར་བཏང་གི་བཅའ་ཁྲིམས་ཚད་ལྡན་གྱི་སྒྲོམ་གཞིའི་ནང་ཐག་གཅོད་བྱེད་དགོས། ཕྱི་རྒྱལ་གྱི་མ་དངུལ་འཇོག་མཁན་ལ་ཨུ་རུ་སུས་སྤྲད་པའི་མ་དངུལ་མ་འབྱོར་བ་ཡིན་ན། འབྲེལ་ཡོད་དངུལ་རྩའི་སྒྲིག་གཞིར་བློ་འདྲི་བྱེད་དགོས།

ཐ་སི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་ཉེར་བདུན་ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས། ཨུ་རུ་སུའི་དངུལ་བུན་དུས་ཆད་ལས་འགལ་བའི་ཐད་ཀྱི་ཆོད་གཏམ་དེ་བཅའ་ཁྲིམས་དང་མི་མཐུན། དེའི་རྒྱུ་མཚན་ནི། ཨུ་རུ་སུས་ཟླ་ལྔ་པར་དགོས་ངེས་ཀྱི་བུ་ལོན་འཇལ་སྤྲོད་ཡོངས་འགྲུབ་བྱས་ཡོད་ནའང་། ཡོ་རོབ་བུན་འཛིན་པུའུ་ལུའུ་སའེ་ཨར་གཙང་རྩིས་དངུལ་ཁང་གིས་ཨུ་རུ་སུའི་མ་དངུལ་བཀག་ཉར་བྱས་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།