ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་ཨ་ཧྥུའུ་ཧན་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་ལ་དངོས་རྫས་ཞལ་འདེབས་སུ་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། ཨ་ཧྥུའུ་ཧན་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཧོ་སི་ཐི་མངའ་སྡེ་ཡི་ཧོ་སི་ཐི་གྲོང་ཁྱེར་ནས་ཞལ་འདེབས་འབུལ་བའི་མཛད་སྒོ་བསྡུས་ཏེ། ཀྲུང་གོ་ཀྲུང་དབྱི་སྡེ་ཚོགས་ཨེ་ན་ཁི་ཟངས་གཏེར་ལས་གཞིས་ས་ཡོམ་གནོད་ཐེབས་ས་ཁུལ་ལ་དངོས་རྫས་ཞལ་འདེབས་སུ་ཕུལ།

ཤེས་པའི་གནས་ཚུལ་ལྟར་ན། ཐེངས་འདིར་ཐོག་དང་པོར་ཞལ་འདེབས་སུ་ཕུལ་བའི་དངོས་རྫས་ལ་འབྲས་དང་ཕྱེ། ཟས་རིགས། གཡིས། ཇ་སོགས་ཡོད། ཀྲུང་གོ་ཀྲུང་དབྱི་སྡེ་ཚོགས་ཨེ་ན་ཁི་ཟངས་གཏེར་ལས་གཞིའི་འཐུས་མི་ཨེ་ཧ་མེ་ཏི་ཅ་བཱ་ཏི་སཱ་ལིས་ཧི་ཡིས་བཤད་དོན། ཐེངས་འདིའི་ཞལ་འདེབས་སུ་ཕུལ་བའི་དངོས་རྫས་ཀྱིས་གནོད་ཐེབས་མང་ཚོགས་ལ་འཕྲུལ་བསྟུན་རོགས་རམ་འདོན་སྤྲོད་བྱེད་ཐུབ་ཟེར།

ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་རྒྱལ་ཁབ་ཀྱི་གནོད་འཚེ་དོ་དམ་དང་མི་ཆོས་རིང་ལུགས་ལས་དོན་པུའུ་ཀྲང་གི་དམིགས་བསལ་འཐུས་མི་མུའུ་ཧན་མུའུ་ཏི་སཱ་ལིས་མུའུ་ཧ་ཁ་ཉི་ཡིས་ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་བཤད་དོན། ཀྲུང་གོའི་དངུལ་བསྡུའི་ཁེ་ལས་ཀྱིས་ཐེངས་འདིར་ཞལ་འདེབས་ཕུལ་བའི་དངོས་རྫས་དེ་དག་མགྱོགས་མྱུར་སྒོས་གནོད་ཐེབས་ས་ཁུལ་ལ་བསྐྱལ་བར་མ་ཟད་ས་གནས་ཀྱི་གནོད་ཐེབས་ཁྱིམ་ཚང་བརྒྱད་བརྒྱ་ལྷག་ལ་བྱིན།

ཟླ་འདིའི་ཚེས་ཉེར་གཉིས་ཉིན། ཨ་ཧྥུའུ་ཧན་ལ་ལོ་ཉི་ཤུ་ལྷག་གི་རིང་ལ་བྱུང་མ་མྱོང་བའི་ས་ཡོམ་དྲག་པོ་བྱུང་ནས། ཤར་ཕྱོགས་ཀྱི་ཧོ་སི་ཐི་མངའ་སྡེ་དང་ཕ་ཁི་ཐིས་ཁ་མངའ་སྡེ་ལ་གནོད་པ་ཚབས་ཆེན་ཐེབས། ས་ཡོམ་ཁྲོད་མི་སྟོང་གཅིག་དང་ལྔ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་སྟོང་གཉིས་ལྷག་རྨས་ཤིང་། ཁང་བ་གྱན་སྟོང་གསུམ་ལྷག་ལ་གཏོར་བརླག་ཐེབས། ས་ཡོམ་བྱུང་རྗེས། ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥུའུ་ཧན་ལ་མི་དམངས་ཤོག་སྒོར་བྱེ་བ་ལྔ་ཡི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོད་སྤྲོད་བྱེད་རྒྱུ་ཐག་བཅད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།