ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་སྡེ་ཁུལ་བདེ་འཇགས་ཁྲིམས་དོན་གྲོས་གཞིར་མིང་རྟགས་བཀོད་ནས་མེ་མདའ་ཡི་གནད་དོན་ལ་ཁ་གཏད་འཇལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཕོ་བྲང་དཀར་པོའི་ནང་དུ། སྡེ་ཁུལ་གྱི་བདེ་འཇགས་ཁྲིམས་དོན་གྲོས་གཞི་ཞིག་ལ་མིང་རྟགས་བཀོད་ནས། ཨ་མེ་རི་ཁའི་མེ་མདའ་ལ་རྐྱེན་བྱས་ཏེ་བྱུང་བའི་དྲག་ཤུགས་ཀྱི་གནད་དོན་ཚབས་ཆེན་ལ་ཁ་གཏད་འཇལ་རྒྱུ་རེད།

ཁྲིམས་དོན་གྲོས་གཞི་དེར་གཟའ་འཁོར་འདིའི་སྔོན་ལ་སྔ་རྗེས་སུ་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མ་དང་གྲོས་ཁང་འོག་མ་ནས་རིམ་པར་གྲོས་འཆམ་བྱུང་ཡོད་ལ། ཁྲིམས་དོན་གྲོས་གཞི་དེའི་ཁོངས་སུ། ལོ་བཅོ་བརྒྱད་ནས་ལོ་ཉེར་གཅིག་བར་གྱི་མིས་མེ་མདའ་ཉོ་སྐབས་ཀྱི་རྒྱབ་ལྗོངས་ལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒྲིག་འགལ་ངང་མེ་མདའ་ཉོས་པའི་བྱ་སྤྱོད་ཁག་གཅིག་རྒྱལ་ཕྲན་མཉམ་འབྲེལ་གྱི་ནག་ཉེས་སུ་གཏན་འཁེལ་བྱེད་པ། མེ་མདའ་ལ་རྐྱེན་བྱས་ཏེ་བྱུང་བའི་དྲག་ཤུགས་སྔོན་འགོག་བྱེད་པའི་ལས་གཞི་དང་དེ་བཞིན་སེམས་ཁམས་བདེ་ཐང་སྨན་བཅོས་ལས་གཞི་ལ་མ་དངུལ་གཏོང་རྒྱུ་སོགས་ཚུད་ཡོད།

ཉེ་ལམ། ཨ་མེ་རི་ཁར་མེ་མདའ་བརྒྱབ་པའི་དོན་རྐྱེན་གྱི་དབང་གིས་བསྟུད་མུར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་། ཟླ་སྔོན་མའི་ཚེས་ཉེར་བཞི་ཉིན། མེ་མདའ་རྒྱག་མཁན་ཞིག་ཏེ་ཁི་ས་སི་མངའ་སྡེ་ཡི་ཡིའུ་ཝའར་ཏི་གྲོང་ཁྱེར་ལུའུ་པུའུ་སློབ་ཆུང་ནང་སོང་ནས། མེ་མདའ་བརྒྱབ་ནས་བྱིས་པ་བཅུ་དགུ་དང་དགེ་རྒན་གཉིས་རྐྱེན་ལམ་དུ་བཏང་།

ཨ་མེ་རི་ཁའི་མེ་མདའ་དྲག་ཤུགས་ཀྱི་ཡིག་ཚགས་དྲ་ཚིགས་སྟེང་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། ད་ལོ། ཨ་མེ་རི་ཁའི་མི་ཁྲི་གཉིས་དང་སྟོང་གཅིག་ལྷག་མེ་མདའི་དྲག་ཤུགས་ཀྱི་འོག་ནས་རྐྱེན་ལམ་དུ་ཤོར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།