ཀྲུང་གོ་བོད་ཀྱི་དྲ་བ།

མའོ་རོ་ཁོའི་གནས་སྤོར་མང་ཚོགས་ཀྱིས་རྒྱལ་འཚམས་བརྒལ་ནས་འགལ་ཟླས་དབང་གིས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོ་རོ་ཁོ་གཞུང་ཕྱོགས་འཕྲིན་གཏོང་གིས་ཚེས་ཉེར་ལྔ་བསྒྲགས་པ་ལྟར་ན། ཧཱ་ས་ལཱའི་ལྷོ་ཕྱོགས་ནས་ཡོང་བའི་ཧྥེ་གླིང་གི་གནས་སྤོར་མང་ཚོགས་ཉིས་སྟོང་ལྷག་གིས་ཚེས་ཉེར་བཞི་ཉིན་མོ་རོ་ཁོའི་མཐའ་འཚམས་བརྒལ་ནས་སི་ཕེན་བྱང་ཕྱོགས་ཀྱི་མེ་ལི་ལི་ཡཱ་རུ་འགྲོ་བར་བརྩམ་པ་དང་མོ་རོ་ཁོའི་མཐའ་འཚམས་སྲུང་བའི་མི་སྣའི་བར་འགལ་བ་དྲག་པོ་བྱུང་། མིག་སྔར་འགལ་ཟླའི་ཁྲོད་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་འཚམས་བརྒལ་འདོད་ཡོད་པའི་གནས་སྤོར་མང་ཚོགས་ལྔ་ཡུལ་དངོས་དེ་ནས་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གསུམ་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་མོ་རོ་ཁོའི་སྨན་ཁང་ནས་བཅོས་སྐྱོབ་བྱེད་མ་ཐུབ་པར་ཚེ་ལས་འདས། དེ་ལས་གཞན་པའི་གནས་སྤོར་མང་ཚོགས་བཅུ་ལྷག་དང་མོ་རོ་ཁོའི་མཐའ་འཚམས་སྲུང་བའི་མི་སྣ་བརྒྱ་ལྷག་ལ་འགལ་ཟླའི་ཁྲོད་རྨས་སྐྱོན་བྱུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།