ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ལ་ཏེན་མེ་གླིང་གི་སྤྱི་ཚོགས་ཚན་རིག་གླིང་གི་བརྙན་རིས་གྲོས་ཚོགས་སྐབས་ཉེར་བཞི་བར་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱི་ཡིས་ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་ལ་ཏེན་མེ་གླིང་གི་སྤྱི་ཚོགས་ཚན་རིག་གླིང་གི་བརྙན་རིས་གྲོས་ཚོགས་སྐབས་ཉེར་བཞི་བར་ཤིས་ཚིག་ཕུལ།

ཝང་དབྱི་ཡིས་བསྟན་དོན།   ཀྲུང་གོས་ལ་ཏེན་མེ་གླིང་གི་སྤྱི་ཚོགས་ཚན་རིག་གླིང་བར་གྱི་མཉམ་ལས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད།  ན་ནིང་།   ཕྱོགས་གཉིས་ཀྱིས་མཉམ་དུ་དེང་རབས་ཀྲུང་གོའི་སློབ་ཁང་ཞེས་པའི་བྱ་འགུལ་རབ་དང་རིམ་པ་བདེ་བླག་ངང་སྤེལ་ཏེ་ཀྲུང་གོས་ལ་ཏེན་མེ་གླིང་དང་ཅ་ལི་པི་བར་གྱི་ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་ལ་སྐུལ་འདེད་གཏོང་བའི་ཐད་ཧུར་ཐག་གིས་བྱེད་ནུས་འདོན་སྤེལ་བྱས་པར་མ་ཟད།   ཀྲུང་གོ་ཕྱོགས་ཀྱིས་ལ་ཏེན་མེ་གླིང་གི་སྤྱི་ཚོགས་ཚན་རིག་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བཟང་བོ་བཏིངས།  དེ་རིང་། ཀྲུང་གོ་དངོས་སུ་ལ་ཏེན་མེ་གླིང་གི་སྤྱི་ཚོགས་ཚན་རིག་གླིང་གི་ལྟ་ཞིབ་པའི་རྒྱལ་ཁབ་ཏུ་གྱུར།    ཀྲུང་གོ་ཕྱོགས་ཀྱིས་དེ་གོ་སྐབས་སུ་བྱས་ཏེ་ལ་ཏེ་མེ་གླིང་གི་སྤྱི་ཚོགས་ཚན་རིང་གླིང་བར་གྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་།   ཀྲུངགོ་དང་ལ་ཏེ་མེ་གླིང་གཉིས་ཀྱིས་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ཏེ་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ཐད་སྔར་ལས་མང་པོའི་རིག་སྟོབས་འབུལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།