འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་བརྒྱད་འབུམ་གསུམ་ཁྲི་གཉིས་སྟོང་གཅིག་བརྒྱད་བརྒྱ་དོན་བཞིར་སླེབས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།   འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་བརྒྱད་འབུམ་གསུམ་ཁྲི་གཉིས་སྟོང་གཅིག་བརྒྱད་བརྒྱ་དོན་བཞིར་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་པ་ལྟར་ན།   ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་བཞི་བཅུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་དྲུག་དང་ཁྲི་དྲུག་སྟོང་བཞི་ལྔ་བརྒྱ་ང་གསུམ་ཇེ་མང་དུ་སོང་སྟེ་བསྡོམས་པས་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་བརྒྱད་འབུམ་གསུམ་ཁྲི་གཉིས་སྟོང་གཅིག་བརྒྱད་བརྒྱ་དོན་བཞིར་སླེབས་ཡོད།   རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་གཅིག་དང་ཉི་ཤུ་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་དྲུག་དང་འབུམ་གསུམ་ཁྲི་གཉིས་ལྔ་བརྒྱ་གོ་དགུར་སླེབས་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།