ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་སུ་ཚད་རིམ་ལྔ་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཧོ་སི་ཐི་གྲོང་ཁྱེར་ཉེ་འདབས་སུ་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་ཚད་རིམ་ལྔ་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་།   མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཐད་ཀྱི་སྙན་ཞུ་བསྒྲགས་མེད།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བའི་གནས་ཚུལ་ལྟར་ན།   ས་ཡོམ་བྱུང་བའི་དུས་ཚོད་ནི་ས་དེའི་ཚེས་ཉེར་གཉིས་ཉིན་གྱི་ཆུ་ཚོད་གཅིག་དང་སྐར་མ་ཉེར་བཞིའི་སྟེང་ཡིན་པ་དང་།   ས་ཡོམ་གྱི་ལྟེ་བ་ནི་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཧོ་སི་ཐི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧོ་སི་ཐི་གྲོང་ཁྱེར་ལྷོ་ནུབ་ཀྱི་སྤྱི་ལེ་ཞེ་དྲུག་གི་མཚམས་སུ་ཡོད་པ་དང་།  ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་ཐོག་མའི་ཚད་འཇལ་གཏན་འཁེལ་བྱས་པའི་ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་ནི་དྲུག་དང་གྲངས་ཆུང་གཅིག་ཡིན་པ་དང་།  རྗེས་སུ་ཚད་རིམ་ལྔ་དང་གྲངས་ཆུང་དགུར་གཏན་འཁེལ་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།