ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་གྱི་སྨྱན་བྱད་ཀྱིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ངོ་རྒོལ་ཏང་ཁག་དང་གྲོས་མོལ་བྱས་ནས་ཆབ་སྲིད་ཀྱི་དཀའ་གནད་སེལ་ཐབས་བྱ་རྒྱུ་ཡིན་ཞེས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ཀ་ཕོར་གྱི་མཉམ་འབྲེལ་ཞོགས་པའི་ཚགས་པར་གྱི་དྲ་ཚིགས་སྟེང་དུ་ཧྥ་རན་སིའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་བཀོད་པ་ལྟར་ན། ཧྥ་རན་སིའི་ཙུང་ཐུང་མཱ་ཁེ་ལུང་གིས་མ་འོངས་པའི་ཉིན་གཉིས་ཀྱི་ནང་དུ། སྲིད་ཏང་གཙོ་བོའི་འཐུས་མི་དང་གྲོས་མོལ་བྱས་ནས། སྲིད་འཛིན་མནའ་འབྲེལ་ལ་ཕྱེད་ཀ་ལྷག་ཙམ་གྱི་གདན་ཐོབ་ལས་མེད་པའི་དཀའ་གནད་སེལ་ཐབས་བྱ་རྒྱུ་ཡིན་ཞེས་བསྒྲགས།

སྤེལ་བའི་གནས་ཚུལ་ལྟར་ན། ཚེས་ཉི་ཤུ་ཉིན། ཧྥ་རན་སིའི་ཙུང་ཐུང་ལས་ཤག་གི་མིང་མ་བཀོད་པའི་དཔོན་རིགས་ཤིག་གིས་བཤད་པ་ལྟར་ན། གྲོས་མོལ་དེ་ཚེས་ཉེར་གཅིག་དང་ཚེས་ཉེར་གཉིས་བར་ཕོ་བྲང་ཨའེ་ལིས་ཧྲི་རུ་འཚོག་རྒྱུ་ཡིན་ལ། སྲིད་འཛིན་མནའ་འབྲེལ་ལ་མི་མང་གི་ཚབ་བྱེད་མཁན་མེད་པའི་གནས་ཚུལ་འོག་ཏུ། དམངས་ལ་ཞབས་འདེགས་ཞུ་བའི་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱ་རྒྱུ་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱེ་ཞིབ་མི་སྣས་མཱ་ཁི་ལུང་གིས་སྲོལ་རྒྱུན་གྱི་གཡས་རུའི་སྲིད་ཏང་སྤྱི་མཐུན་ཏང་བར་མནའ་འབྲེལ་ཡོང་བར་བརྩོན་ལེན་བྱེད་སྲིད་པའི་ངོས་འཛིན་བྱས། སྤྱི་མཐུན་ཏང་ཕྱོགས་ཀྱིས་ར་སྤྲོད་བྱས་པ་ལྟར་ན། སྤྱི་མཐུན་ཏང་གི་འགོ་ཁྲིད་ཡ་ཀི་པུའུ་ཡིས་ཙུང་ཐུང་ལས་ཤག་གི་གདན་ཞུ་དང་ལེན་བྱས་པ་དང་། སྲིད་ཏང་གཞན་དག་གིས་སྨྱན་བྱད་ཀྱི་འདྲི་རྩད་ལ་དུས་ལྟར་ལན་འདེབས་ཐུབ་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།