ཙམ་པི་ཡའི་དཔོན་རིགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཙམ་པི་ཡའི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་འཇོན་མི་སྐྱེད་སྲིང་བྱས་པར་བཀའ་དྲིན་ཆེ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུའུ་ས་ཁ་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། ཙམ་པི་ཡའི་སློབ་གསོ་པུའུ་ཡི་པུའུ་ཀྲང་ཞི་ཡཱ་ཁ་ལིས་མཱ་ཡིས་ཚེས་ཉི་ཤུ་ཉིན་ཧྭ་ཝེ་སོགས་ཀྲུང་གོའི་ཚན་རྩལ་ཁེ་ལས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་སོགས་བརྒྱུད་དེ་ཙམ་པི་ཡའི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་འཇོན་མི་སྐྱེད་སྲིང་བྱས་པར་བཀའ་དྲིན་ཆེ་ཞུས།

ཞི་ཡཱ་ཁ་ལིས་མཱ་ཡིས་ཉིན་དེར་ཧྭ་ཝེ་ཡིས་སྒྲུབ་པའི་གསོ་སྦྱོང་བྱ་འགུལ་སྤེལ་འགོ་བརྩམས་པའི་མཛད་སྒོའི་སྟེང་བཤད་རྒྱུར། གསོ་སྦྱོང་བྱ་འགུལ་སྤེལ་བ་དེས་ཙམ་པི་ཡའི་སློབ་མའི་ལས་ཞུགས་ནུས་པ་མཐོར་འདེགས་སུ་གཏོང་བ་དང་ལས་སྐྲུན་སྦས་ཤུགས་སྔོག་འདོན་བྱེད་པར་རོགས་འདེགས་བྱེད་པར་མ་ཟད། ཙམ་པི་ཡ་ཡིས་སྔར་ལས་མང་པོའི་ཆ་འཕྲིན་དང་འཕྲིན་གཏོང་ལག་རྩལ་འཇོན་མི་སྐྱེད་སྲིང་བྱས་པ་བརྒྱུད་དེ་ཙམ་པི་ཡའི་ཚན་རྩལ་གསར་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་ངེས་ཡིན། ཧྭ་ཝེ་སོགས་ཀྲུང་གོའི་དངུལ་བསྡུའི་ཁེ་ལས་ཀྱིས་ཙམ་པི་ཡ་སྲིད་གཞུང་དང་ཁེ་ལས་བར་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་འཇོན་མི་སྐྱེད་སྲིང་ཕྱོགས་སུ་མཉམ་ལས་ཀྱི་དཔེ་སྟོན་བཙུགས་པ་དང་། ཙམ་པི་ཡའི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཐད་ལ་ནུས་ལྡན་རྒྱབ་སྐྱོར་འདོན་སྤྲོད་བྱས།

ཙམ་པི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དཔལ་འབྱོར་ཚོང་དོན་ཚན་ཙན་ལིའུ་གོ་ཡུས་ཀྱིས་བཤད་དོན། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་དངུལ་བསྡུའི་ཁེ་ལས་ཀྱིས་ཙམ་པི་ཡའི་ཁྱོན་ཡོངས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་རོགས་རམ་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།