ཀྲུང་གོ་བོད་ཀྱི་དྲ་བ།

མ་ལི་དབུས་ཕྱོགས་སུ་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་བརྒྱ་དང་སོ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་མཱ་ཁི་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། མ་ལི་བར་བརྒལ་སྲིད་གཞུང་གིས་ཚེས་ཉི་ཤུ་ཉིན་བསྒྲགས་པའི་སྤྱི་སྒྲོག་ནང་བཤད་དོན། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་པང་ཁ་སི་ས་ཁུལ་གྱི་སྡེ་བ་གསུམ་དང་ཉེ་འཁོར་ལ་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་འཇབ་རྒོལ་ཐེབས་ནས་མི་བརྒྱ་དང་སོ་གཉིས་རྐྱེན་ལམ་དུ་ཤོར།

སྤྱི་སྒྲོག་ནང་བཤད་དོན། ཐལ་སྐྱོད་རྩ་འཛུགས་ཀྱི་མ་ཞི་ནཱ་བཅིངས་འགྲོལ་དཔུང་ཁག་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་རེད་ཟེར།

མ་ལི་བར་བརྒལ་སྲིད་གཞུང་གིས་ཐེངས་འདིར་མི་སེར་ལ་དམིགས་ནས་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད་བྱེད་ཐབས་ནུས་ལྡན་སྤྱད་དེ་དོན་རྐྱེན་བཟོ་མཁན་རྩད་བཅད་ནས་ཁྲིམས་ལ་སྦྱོར་རྒྱུ་ཁས་བླངས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།