ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོར་ཡུལ་གྱར་དུ་སོང་བའི་བྱིས་པ་ཁྲི3700ཡན་ཡོད་པར་བསྟན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམག་དོན་གདོང་ཐུག་དང་ཐན་པ་སོགས་ཀྱི་རྐྱེན་ལས་གོ་ལ་ཧྲིལ་པོར་གནས་མེད་ཡུལ་གྱར་བྱིས་པ་ཁྲི3700ལྷག་ཟིན་པའི་ནང་། གསུམ་ཆའི་གཅིག་ཡན་ས་ཧ་ལའི་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁར་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་ཁུར་ནས་ཁོང་ཚོར་སྲུང་སྐྱོང་དང་རོགས་སྐྱོར་བྱེད་དགོས་ཞེས་བསྟན།

ཚེས19ཉིན་སོ་ཏི་ཨ་རབ་ཀྱི《ཕྱེད་གླིང་ཚགས་པར》ཐོག་ཁ་བྱང་ལ《མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གོ་ལ་ཧྲིལ་པོར་གནས་མེད་ཡུལ་གྱར་བྱིས་པ་ཁྲི3700ཡོད་ཞེས་བསྟན》ཅེས་འཁོད་པའི་རྩོམ་ཡིག་ནང་དམག་དོན་གྱི་གདོང་ཐུག་དང་དྲག་ཤུགས། ཐན་པ། ཆུ་ལོག་ཚབས་ཆེན་སོགས་ཀྱི་རྐྱེན་ལས2021ལོའི་ལོ་མཇུག་ཏུ་སླེབས་སྐབས་གོ་ལ་ཧྲིལ་པོར་ཡུལ་གྱར་བྱིས་པ་ཁྲི3700ལྷག་ཟིན་ཡོད་པར་བསྟན། གནས་ཚུལ་སྤེལ་བའི་ནང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་ཁའེ་སི་ལིན་གྱིས་འདས་ཟིན་པའི་ལོ10ཡི་ནང་གོ་ལ་ཧྲིལ་པོར་ཡུལ་གྱར་མི་གྲངས་ལྡབ་གཅིག་འཕར་བ་དེའི་ནང་ཕྱེད་ཀ་ནི་བྱིས་པ་ཡིན་པ་དང་། ཡུལ་གྱར་བྱིས་པའི་གསུམ་ཆའི་གཅིག་ལྷག་ནི་ས་ཧ་ལའི་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁར་འཚོ་བ་སྐྱེལ་གྱིན་ཡོད་པ་དང་། བཞི་ཆའི་གཅིག་ནི་ཨེ་ཤེ་ཡ་དབུས་མ་དང་ཡོ་རོབ་ཏུ་ཡོད་ལ།13%ནི་ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མར་གནས་ཡོད་ཟེར།

གནས་ཚུལ་སྤེལ་བར་གཞིགས་ན། ཀྲུའུ་རེན་ཁའེ་སེ་ལིན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་འཁུར་ནས་གནས་མེད་ཡུལ་གྱར་བྱིས་པར་སྲུང་སྐྱོང་དང་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། ལྷག་པར་དུ་སྨན་བཅོས་འཕྲོད་སྦྱོར་དང་སློབ་གསོ་མཁོ་འདོན་བྱེད་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི《ཡུལ་གྱར་མི་སྣའི་གནད་དོན་ཐད་ཀྱི་གོ་ལ་ཧྲིལ་པོའི་གན་རྒྱ》དང《གནས་སྤོས་ཡུལ་མིའི་གནད་དོན་ཐད་ཀྱི་གོ་ལ་ཧྲིལ་པོའི་གན་རྒྱ》ཡི་གཏན་འབེབས་གཞིར་བཟུང་། ཡུལ་གྱར་བྱིས་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་འབྲེལ། ཡུལ་གྱར་བ་དང་གནས་སྤོས་ཡུལ་མི། གནས་མེད་ཡུལ་གྱར་བྱིས་པ་བཅས་ཚུར་སྣང་བྱེད་པར་འཕྲད་པའི་གནད་དོན་དངོས་དང་གཞི་ཁྱོན་གྱི་ཞིབ་འཇུག་དང་གྲངས་འབོར་གྱི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བའི་སྐུལ་ལྕག་གནང་བ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།