ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡའི་དབུས་ཕྱོགས་སུ་འགྲིམ་འགུལ་དོན་རྐྱེན་བྱུང་སྟེ་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡའི་དབུས་ཕྱོགས་ཀྱི་ནེ་ཀྲེར་མངའ་སྡེ་རུ་ཚེས་བཅུ་དགུ་ཉིན་སྤྱི་སྤྱོད་རླངས་འཁོར་ཞིག་དང་ལྗིད་ཐེག་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་།  མི་གཅིག་ལ་རྨས་ཕོག

ནེ་ཀྲི་རི་ཡའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཝ་ཞིག་གིས་ཉིན་དེར་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་མེང་ན་རུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།    སྤྱི་སྤྱོད་རླངས་འཁོར་ཞིག་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་མངའ་སྡེ་དེའི་པའོ་སོ་ཁུལ་གྱི་གྲོང་སྡེ་ཞིག་གི་ཉེ་འདབས་ནས་ལམ་འགྲམ་དུ་བཞག་ཡོད་པའི་ལྗིད་ཐེག་རླངས་འཁོར་ཞིག་དང་ཐོ་བརྒྱབ་རྗེས་མེར་འབར་བ་དང་།  སྤྱི་སྤྱོད་རླངས་འཁོར་སྟེང་གི་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་།  མི་གཅིག་ལ་རྨས་ཕོག    རྨས་མ་དེ་ས་གནས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།

ཝ་ཞིའུ་ཡིས་བཤད་རྒྱུར།   ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།  ཁོས་མང་ཚོགས་དག་གིས་རླངས་འཁོར་སྐོར་སྐབས་འགྲིམ་འགྲུལ་སྒྲིག་ལམ་བརྩི་སྲུང་བྱས་ཏེ་དོན་རྐྱེན་འབྱུང་རྒྱུ་སྔོན་འགོག་བྱ་དགོས་པའི་འབོད་སྐུལ་བཏང་།

ལམ་གྱི་གནས་ཚུལ་མི་བཟང་བ་དང་ལྗིད་ཚད་ལས་བརྒལ་བ།   མགྱོགས་ཚད་ལས་བརྒལ་བ་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་ནེ་ཀྲི་རི་ཡ་རུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།