ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་བྱང་ཤར་དུ་ཆུ་ལོག་གི་གནོད་འཚེ་བྱུང་ནས་ཉུང་མཐར་ཡང་མི་སོ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་སྨྱན་བྱད་ཀྱིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན།    རྒྱ་གར་བྱང་ཤར་ཕྱོགས་ཀྱི་ཨ་ས་མུའུ་མངའ་སྡེ་དང་མེ་ཅཱ་ལ་ཡ་མངའ་སྡེ་རུ་བསྟུད་མར་དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་ནས།  འདས་པའི་ཉིན་གཉིས་ཀྱི་ནང་ཉུང་མཐར་ཡང་མི་སོ་གཉིས་རྐྱེན་ལམ་དུ་ཤོར།

ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།   མེ་ཅཱ་ལ་ཡ་མངའ་སྡེ་རུ་འདས་པའི་ཉིན་གཉིས་ཀྱི་ནང་བསྡོམས་པས་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་།  དེའི་ནང་ཟླ་དྲུག་ཅན་གྱི་བྱིས་པ་གཅིག་འདུས།  ཨ་ས་མུའུ་མངའ་སྡེ་རུ་འདས་པའི་ཉིན་གཉིས་ཀྱི་ནང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།   མིག་སྔར་ཨ་ས་མུའུ་མངའ་སྡེའི་གྲོང་སྡེ་སུམ་སྟོང་ལ་ཉེ་བའི་མི་ས་ཡ་གཅིག་དང་འབུམ་བརྒྱད་ལ་གནོད་འཚེ་ཐེབས་པ་དང་།    ཞིང་ས་སྤྱི་ཆིངས་ཁྲི་བཞི་དང་སྟོང་གསུམ་བསྣུབས་ལ། གཞུང་ལམ་དང་ཟམ་པ།   དེ་མིན་རྨང་གཞིའི་སྒྲིག་ཆས་གཞན་དག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད།

རྒྱ་གར་དུ་ལོ་རེའི་ཟླ་དྲུག་པ་ནས་ཟླ་དགུ་བའི་བར་ནི་ཆར་ཆུ་མོད་པའི་དུས་ཚིགས་ཡིན་པ་དང་།   དྲག་ཆར་འབབ་པའི་གནམ་གཤིས་འབྱུང་ཐེངས་མང་བས།  ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་རྒྱུན་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།