ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་ལྔ་འབུམ་བརྒྱད་ཁྲི་དྲུག་སྟོང་གསུམ་དགུ་བརྒྱ་ལྔ་བཅུ་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བདུན་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་ལྔ་འབུམ་བརྒྱད་ཁྲི་དྲུག་སྟོང་གསུམ་དགུ་བརྒྱ་ལྔ་བཅུ་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།     ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་ཞེར་བཞིའི་བར།   འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྔ་ཉིན་ལས་འབུམ་ལྔ་དང་ཁྲི་བཞི་སྟོང་བརྒྱད་བརྒྱ་དང་སོ་བཞི་ཡིས་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་ལྔ་འབུམ་བརྒྱད་ཁྲི་དྲུག་སྟོང་གསུམ་དགུ་བརྒྱ་ལྔ་བཅུ་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་གཅིག་དང་ལྔ་བརྒྱ་དོན་གཅིག་གིས་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་དྲུག་དང་འབུམ་གསུམ་ཁྲི་གཅིག་སྟོང་བཞི་དགུ་བརྒྱ་དོན་གཉིས་ལ་སླེབས་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།