ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁུན་ཏུའུ་ཧྲི་མངའ་སྡེ་རུ་དབྱི་སི་ལན་ཆོས་ཁང་ཞིག་འགས་གཏོར་བྱུང་ནས་མི་སྣ་ཤི་རྨས་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་དོན། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁུན་ཏུའུ་ཧྲི་མངའ་སྡེ་རུ་དབྱི་སི་ལན་ཆོས་ཁང་ཞིག་ཉིན་དེར་འགས་གཏོར་བྱུང་ནས། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་རྨས།

ཁུན་ཏུའུ་ཧྲི་མངའ་སྡེའི་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཨོ་པེ་ཏུའུ་ལ་ཨ་པུས་ཏི་ཡིས་བཤད་རྒྱུར། འགས་གཏོར་བྱུང་བའི་དབྱི་སི་ལན་ཆོས་ཁང་ནི་ཁུན་ཏུའུ་ཧྲི་མངའ་སྡེ་ཡི་དབྱི་མ་མུའུ་ས་ཞི་པུའུ་ས་ཁུལ་དུ་ཡོད། རྨས་མ་རྣམས་ད་ལྟ་སྨན་ཁང་དུ་བསྐྱལ་ཟིན།

མིག་སྔར། མི་སྒེར་དང་ཡང་ན་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འགས་གཏོར་དོན་རྐྱེན་བཟོས་པའི་གནས་ཚུལ་མེད།

ཉེ་བའི་ཟླ་གཉིས་ཀྱི་རིང་ལ། ཨ་ཧྥུའུ་ཧན་གྱི་ས་གནས་སོ་སོ་རུ་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་ནས་མི་སྣ་གང་མང་ཤི་རྨས་བྱུང་། ཐལ་སྐྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱིས་སློབ་གྲྭ་དང་དབྱི་སི་ལན་ཆོས་ཁང་། སྤྱི་སྤྱོད་རླངས་འཁོར་བཅས་དམིགས་ཡུལ་ཡིན་པའི་འཇབ་རྒོལ་དོན་རྐྱེན་ཐེངས་མང་བཟོས་པ་ཡིན་ཞེས་བཤད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།