ཀྲུང་གོ་བོད་ཀྱི་དྲ་བ།

ཧྥུན་ལན་གྱི་ཉོ་ཚོང་འཐུས་ཚབ་ཚོགས་པ་ཞིག་གིས་ཐུར་ཁེ་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥུན་ལན་གྱི་ཉོ་ཚོང་འཐུས་ཚབ་ཚོགས་པ་ཞིག་གིས་ཚེས་བདུན་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཐུར་ཁེའི་ཉོ་ཚོང་འཐུས་ཚབ་ཚོགས་པ་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས། ཐུར་ཁེའི་གསར་འགྱུར་སྨྱན་བྱད་ཀྱིས་བལྟས་ན། དེ་ནི་ཧྥུན་ལན་གྱིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་ཆེད་ཐུར་ཁེ་ཕྱོགས་ཡིད་འཐད་འབྱུང་བར་བརྩོན་ལེན་བྱེད་པའི་བྱ་བའི་ཁག་ཅིག་ཡིན་པར་འདོད། 

ཐུར་ཁེ་རུ་སྡོད་པའི་ཧྥུན་ལན་གྱི་གཞུང་ཚབ་ཆེན་མོས་སྨྱན་བྱད་ལ་བསྟན་དོན། འཐུས་ཚབ་ཚོགས་པ་དེར་ཧྥུན་ལན་གྱི་འཕེལ་རྒྱས་མཉམ་ལས་དང་ཕྱི་ཕྱོགས་ཉོ་ཚོང་པུའུ་ཀྲང་སི་ཅིན་ནཱ་ལི་ཡིས་སྣེ་ཁྲིད་བྱས་ཡོད་པ་དང་། ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་ཉོ་ཚོང་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཁྱད་པར་དུ་རྒྱུན་མཐུད་འཕེལ་རྒྱས་དང་གྲངས་ལྡན་ཅན། ལྷད་མེད་ཚུལ་བསྒྱུར་རིམ་སྤོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཆེད་དུ་ཡིན་ཟེར། མཚམས་སྦྱོར་བྱས་པ་ལྟར་ན། འཐུས་ཚབ་ཚོགས་པ་དེ་ཧྥུན་ལན་གྱི་ཀུང་ཟི་བཅུ་དགུས་གྲུབ་ཡོད་པ་དང་། གྲངས་ལྡན་ཅན་དང་སྐྱེ་དངོས་དཔལ་འབྱོར། ལྷད་མེད་བཟོ་སྐྲུན། མཁོ་མེད་དངོས་རྫས་ཀྱི་དོ་དམ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ཀུང་ཟི་དག་ནས་ཡོང་བ་རེད། ཐུར་ཁེའི་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སི་ཅིན་ནཱ་ལི་ཡིས་རྒྱལ་ས་ཨན་ཁཱ་ལཱ་ནས་ཐུར་ཁེའི་ཉོ་ཚོང་པུའུ་ཀྲང་མུའུ་ཧྲི་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།