ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་དམངས་དམག་དྲག་ཆས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་འཕྲིན་གཏོང་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་ལྔ་རྒྱལ་ས་པཱ་ཀ་ཏཱའི་ཉེ་འདབས་སུ་དམངས་དམག་དྲག་ཆས་པ་དང་འཁྲུག་རྩོད་བྱེད་སྐབས་བསད་པ་རེད་ཟེར། 

བསྒྲགས་པ་ལྟར་ན། དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་མི་སྣས་ཚེས་དྲུག་ཉིན་གྱི་དགོང་མོར་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཡོད་པའི་ཐཱ་ཨར་མུས་ཡེ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྔ་རྙེད་དེ། དྲག་ཆས་ཉེས་ཅན་དེ་ལྔ་བོ་ཚང་མ་བསད་པ་རེད་ཟེར། 

དབྱི་རག་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་མགྲིན་ཚབ་པ་ལཱ་སུའུ་ཨར་གྱིས་ཚེས་དྲུག་ཉིན་དྲ་ཚིགས་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་བདེ་འཇགས་སྡེ་ཁག་བར་མཐུན་སྦྱོར་བྱས་འོག དབྱི་རག་བདེ་འཇགས་དམག་དཔུང་གིས་ད་རུང་ཞིང་ཆེན་མང་བོ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་ཁོངས་མི་དྲུག་འཛིན་བཟུང་བྱས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།