ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་རྒྱང་འཕེན་འཕུར་མདའ་འདོན་སྤྲོད་བྱས་ན་ཨུ་རུ་སི་ཡིས་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་བཅར་འདྲི་བྱེད་སྐབས་བསྟན་དོན། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་རྒྱང་འཕེན་འཕུར་མདའ་འདོན་སྤྲོད་བྱས་ན། ཨུ་རུ་སི་ཡིས་དགོས་ངེས་ཀྱིས་བྱེད་ཐབས་བཏོན་ནས་དེའི་སྔོན་ཆམ་ཕབ་བཏང་མྱོང་མེད་པའི་དམིགས་འབེན་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། ཝུའུ་ཁི་ལན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁི་ལེ་ཆི་ཁི་ཡིས་བཤད་རྒྱུར། གྲོང་ཁྱེར་དེའི་ཏཱ་ཨར་ནེ་ཚི་ཅི་ས་ཁུལ་དང་ཏིས་ཉི་པའོ་ལོ་ཧྥུའུ་སི་ཅི་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ལ་ཉིན་དེའི་ཞོགས་པར་འཕུར་མདའི་འཇབ་རྒོལ་ཐེབས་ཏེ་མི་གཅིག་ལ་རྨས་ཕོག་ཡོད་ཟེར། 

ཨུ་རུ་སིའི་བརྙན་འཕྲིན་ཁང་ཞིག་གིས་ཚེས་ལྔ་ཉིན་བསྒྲགས་པའི་བཅར་འདྲིའི་ལེ་ཚན་ནང་ཕུའུ་ཅིན་གྱིས་བསྟན་དོན། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་རྒྱང་འཕེན་འཕུར་མདའ་འདོན་སྤྲོད་བྱས་ན། ཨུ་རུ་སི་ཡིས་དགོས་ངེས་ཀྱི་བྱེད་ཐབས་བཏོན་ནས་དེའི་སྔོན་ཆམ་ཕབ་བཏང་མྱོང་མེད་པའི་དམིགས་འབེན་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱས་པའི་སྦུག་མང་མེ་ཤུགས་འཕུར་མདའི་མ་ལག་གིས་འཁྲུག་རྩོད་ཀྱི་དུས་ཡུན་ཇེ་རིང་དུ་གཏོང་བ་ཙམ་ལས་གནས་ཚུལ་ཅི་ཡང་བཅོས་བསྒྱུར་བྱེད་མི་ཐུབ། ཝུའུ་ཁི་ལན་གྱི་དམག་དཔུང་ལ་མཚོན་ཆ་དེ་རིགས་སྔར་ནས་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་མཚོན་ཆ་དེ་འདྲ་འདོན་སྤྲོད་བྱས་པ་ནི་ཅི་ཧྥུའུ་ཕྱོགས་ཀྱི་དམག་དོན་སྒྲིག་ཆས་ཀྱི་གྱོང་གུད་ཁ་གསབ་བྱེད་པ་ཙམ་གྱི་ཆེད་དུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།