ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཡིས་སྐབས་གསར་བའི་སྲིད་གཞུང་གི་དཔོན་རིགས་ཁྲིད་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨར་པཱ་ནེ་སི་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན་སྐབས་གསར་བའི་སྲིད་གཞུང་གི་དཔོན་རིགས་ཁྲིད་ནས་རྒྱལ་ས་ཁན་ཕའེ་ལཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ཉིན་དེའི་མཛད་སྒོ་མངག་སྤྱི་བཞུགས་ཤག་ནས་སྤེལ་བ་དང་། ཨར་པཱ་ནེ་སི་ཡིས་སྲིད་གཞུང་གི་དཔོན་རིགས་ཁྲིད་ནས་ཨོ་སི་ཁྲུ་ལི་ཡཱའི་མངག་སྤྱི་ཏའེ་ཝེ་ཧི་ཨར་ལེ་ལ་དམ་བཅའ་བཞག་སྟེ་ལས་འགན་ཁུར། དེའི་ནང་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་ལ་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ལི་ཁྲ་ཏི་མཱ་ཨ་སི་དང་། ཕྱི་འབྲེལ་པུའུ་ཀྲང་ཧོང་དབྱིན་ཞན། རྒྱལ་མཛོད་པུའུ་ཀྲང་ཅི་མུའུ་ཁྲ་མའོ་སི། ནོར་སྲིད་པུའུ་ཀྲང་དང་བུད་མེད་ལས་དོན་པུའུ་ཀྲང་། སྤྱི་བའི་ཞབས་ཞུའི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཁའེ་ཏིས་ཅཱ་ལཱ་ཀི། ཉོ་ཚོང་དང་ཡུལ་སྐོར་པུའུ་ཀྲང་དང་དམིགས་བསལ་རྒྱལ་དོན་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཐང་ཧྥ་ལོས་ཨར། འཕྲོད་བསྟེན་དང་རྒན་པའི་བདག་སྐྱོང་པུའུ་ཀྲང་མཱ་ཁི་པཱ་ཐི་ལེ། སྤྱི་ཁྱབ་ཞིབ་དཔྱོད་དཔོན་དང་སྲིད་འཛིན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་མཱ་ཁི་ཏི་ལའེ་ཧྥོ་སི། ནམ་ཟླའི་འགྱུར་ལྡོག་དང་ནུས་ཁུངས་པུའུ་ཀྲང་མཱ་ལི་སི་པའོ་ཨིན། ནང་སྲིད་པུའུ་ཀྲང་དང་དྲ་རྒྱའི་བདེ་འཇགས་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཁི་ལའེ་ཨར་ཨོ་ནེ་ཨར་བཅས་འདུས། 

ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། ཨར་པཱ་ནེ་སི་ཡིས་ཁན་ཕའེ་ལཱ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྐབས་འདིའི་ནང་སྲིད་ཁོངས་མིའི་ཁྲོད་བུད་མེད་པུའུ་ཀྲང་གི་ཁ་གྲངས་ཟིན་ཐོ་ལས་བརྒལ་ནས་མི་བཅུར་བསླེབ་ཡོད་ཟེར། 

ཨར་པཱ་ནེ་སི་ཡིས་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་ཁན་ཕའེ་ལཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། དངོས་སུ་ཨོ་སི་ཁྲུ་ལི་ཡཱའི་སྐབས་སོ་གཅིག་པའི་ཙུང་ལིར་གྱུར་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།