ཀྲུང་གོ་བོད་ཀྱི་དྲ་བ།

པེ་ལི་ཡང་བསྐྱར་ལེ་པཱ་ནུན་གྱི་གྲོས་དཔོན་དུ་བདམས་ཐོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་རྒྱལ་དམངས་གྲོས་ཁང་གིས་ཚེས་སོ་གཅིག་ཉིན་གྲོས་དཔོན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། ཧྲི་ཡེ་ཕྱོགས་ཁག་གི་ཆབ་སྲིད་པ་གྲགས་ཅན་པེ་ལི་ཡང་བསྐྱར་གྲོས་དཔོན་དུ་བདམས་ཐོན་བྱུང་། 

ལེ་པཱ་ནུན་གྱི་གྲོས་ཁང་ལ་བསྡོམས་པས་གྲོས་མི་བརྒྱ་དང་ཉེར་བརྒྱད་ཡོད་པ་དང་། ཉིན་དེའི་གྲོས་དཔོན་གྱི་འདེམ་བསྐོའི་ཁྲོད། དགུང་ལོ་གྱ་བཞི་ཡིན་པའི་པེ་ལི་ལ་འདེམ་ཤོག་རེ་ལྔའི་རྒྱབ་སྐྱོར་ཐོབ་སྟེ་བར་ཁྱད་ཆུང་ངུ་ཙམ་གྱི་རྒྱལ་ཁ་ལོན་པ་རེད། ཧྲི་ཡེ་ཕྱོགས་ཁག་གི་ཨ་མེད་ལེ་ལས་འགུལ་གྱི་མགོ་ཁྲིད་པ་ཡིན་པའི་ཆ་ནས། པེ་ལི་ཡིས་གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོའི་ཚུན་ལ་གྲོས་དཔོན་གྱི་འགན་རྒྱུན་ཁུར་བྱས་པ་རེད། 

བསྟུད་མར་གྲོས་དཔོན་གྱི་འགན་ཁུར་རྗེས། པེ་ལི་ཡིས་གྲོས་མི་རྣམས་ཀྱིས་འགལ་བ་བསྐྱུར་ནས་ལེ་པཱ་ནུན་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་བྱ་བ་བསྒྲུབ་དགོས་པའི་འབོད་སྐུལ་བཏང་། 

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་ལེ་པཱ་ནུན་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ། དེ་ནི་ལེ་པཱ་ནུན་དུ་ཉིས་སྟོང་བཅུ་དགུ་ལོར་དཔལ་འབྱོར་ཉམས་ཉེན་བྱུང་བའི་རྗེས་སུ་སྤེལ་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐོག་མ་རེད། 

ཉེ་བའི་ལོ་འགའི་རིང་ལ། ལེ་པཱ་ནུན་ལ་དངུལ་ལོར་ཉམས་ཉེན་ཚབས་ཆེན་བྱུང་བ་དང་། དཔལ་འབྱོར་ཐད་དཀའ་སྡུག་ཆེ་བའི་གནས་སུ་ལྷུང་ཡོད་སྟབས། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཆེན་མོ་ཞིག་སྤེལ་ན་ད་གཟོད་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་ལས་མེ་སྒོར་ཐེར་འབུམ་འགའི་རོགས་སྐྱོར་ཐོབ་ཐུབ། 

ལེ་པཱ་ནུན་གྱི་ཆོས་ལུགས་གྲུབ་མཐའི་དབང་བགོས་སྒྲིག་གཞི་ལྟར་ན། ཙུང་ཐུང་དང་ཙུང་ལི། གྲོས་དཔོན་བཅས་ཀྱི་ལས་གནས་དེ་སོ་སོར་ཡེ་ཤུའི་ཆོས་ལུགས་ཀྱི་མཱ་ལུང་ཕྱོགས་ཁག་དང་དབྱི་སི་ལན་གྱི་ཞོང་ནེ་ཕྱོགས་ཁག དབྱི་སི་རལ་གྱི་ཧྲི་ཡེ་ཕྱོགས་ཁག་བཅས་ཀྱི་མི་སྣས་ཁུར་དུ་ལེན་དགོས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།