ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོས་ལྷོ་ཕྱོགས་འཐབ་འཁྲུག་དམག་སྤྱི་ཁང་འཛུགས་རྒྱུའི་འཆར་གཞི་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་མེན་སི་ཁི་ནས་ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་དམག་དོན་བདེ་འཇགས་གྲོས་ཚོགས་ལ་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་དྲུག་ཉིན་བསྟན་དོན། ཨུ་རུ་སི་དཀར་པོས་ལྷོ་ཕྱོགས་འཐབ་འཁྲུག་དམག་སྤྱི་ཁང་འཛུགས་པའི་འཆར་གཞི་ཡོད་ཟེར། 

ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་ཨུ་རུ་སི་དཀར་པོའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་དམག་དོན་བདེ་འཇགས་གྲོས་ཚོགས་སྟེང་བཤད་རྒྱུར། རྒྱལ་སྲུང་བློན་ཆེན་ཧི་ལེ་ཉིང་གིས་ན་ནིང་ལྷོ་ཕྱོགས་འཐབ་འཁྲུག་དམག་སྤྱི་ཁང་འཛུགས་པའི་འཆར་གཞི་སྙན་ཞུ་བྱས་པ་རེད། གནས་བབ་འཕེལ་རྒྱས་ཧ་ཅང་མགྱོགས་པས་ང་ཚོས་མྱུར་དུ་ཕྱོགས་དེའི་འཆར་གཞི་གཏན་འབེབས་བྱེད་དགོས། ནུབ་ཕྱོགས་དང་ནུབ་བྱང་ལས་གཞན་ད་རུང་ལྷོ་ཕྱོགས་སུ་འཐབ་འཁྲུག་དམག་སྤྱི་ཁང་འཛུགས་དགོས་ཟེར། 

ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་མུ་མཐུད་དུ་འཛམ་གླིང་གནས་བབ་ཇེ་སྡུག་ཏུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་པ་དང་། དེ་དག་གིས་ཨུ་རུ་སི་སོགས་རྒྱལ་ཁབ་ལ་ངོ་རྒོལ་བྱས་པ་དང་། ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད། ཨུ་རུ་སི་དཀར་པོའི་ཁྱིམ་མཚེས་རྒྱལ་ཁབ་དག་ནས་བྱུང་བའི་དོན་རྐྱེན་ལས་ཨུ་རུ་སི་དཀར་པོའི་དམག་དོན་བདེ་འཇགས་ཐད་འཇིགས་ཉེན་ཆེན་པོ་འབྱུང་བའི་དོན་ལ་འགྱུར་ལྡོག་བྱུང་ཡོད་ཟེར། 

ལུའུ་ཁཱ་ཧྲིན་ཁི་ཡིས་བསྟན་དོན། མིག་སྔའི་གནས་བབ་ལས་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་ཨུ་རུ་སི་དཀར་པོའི་དམག་དཔུང་གིས་དུས་ངེས་མེད་དུ་གྲ་སྒྲིག་བྱས་ནས། དམག་དོན་གྱི་བཙན་འཛུལ་བྱ་སྤྱོད་ལ་རྒོལ་ལན་སྤྲོད་དགོས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།