ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་རྒྱལ་ཚོགས་ཀྱིས་མཱ་ཁི་སི་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དངོས་སུ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ5བའི་ཚེས25ཉིན། ཧྥེ་ལེ་པེན་གྱི་ཁོས་སུང་མཁར་ནས། མཱ་ཁི་སི་ཡིས་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་དགའ་སྟོན་འབྲེལ་ཞུས། 

2.jpg

ཟླ5བའི་ཚེས25ཉིན། ཧྥེ་ལེ་པེན་གྱི་ཁོས་སུང་མཁར་ནས། མཱ་ཁི་སི་ཡིས་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་དགའ་སྟོན་འབྲེལ་ཞུས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་རྒྱལ་ཚོགས་ཀྱིས་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་མཱ་ཁི་སི་ལ་ཟླ་འདིར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་ཧྥེ་ལེ་པེན་གྱི་ཙུང་ཐུང་དུ་བདམས་པ་དངོས་སུ་ཁས་ལེན་བྱས། ལས་རིམ་ལྟར་ན། མཱ་ཁི་སི་ཡིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་རེད། 

ཧྥེ་ལེ་པེན་རྒྱལ་ཚོགས་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གི་གྲོས་མི་སྐོར་ཞིག་གིས་གྲུབ་པའི་འདེམ་ཤོག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་འདེམ་བསྐོའི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལྟར། མཱ་ཁི་སི་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། མཱ་ཁི་སི་ཡི་འགྲན་རྩོད་པ། ད་ལྟའི་ཙུང་ཐུང་ཏུའུ་ཐི་ཨར་ཐིའི་བུ་མོ་ཆེ་བ། ཏཱ་བོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཏུའུ་ཐི་ཨར་ཐི་ཁཱ་པེའོ་ཙུང་ཐུང་གཞོན་པར་བསྐོ་འཇོག་བྱས་པ་ཁྱབ་བསྒྲགས་བྱས། 

ཟླ་ལྔ་བའི་ཚེས་དགུ་ཉིན་སྤེལ་བའི་ཙུང་ཐུང་དང་ཙུང་ཐུང་གཞོན་པའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། མཱ་ཁི་སི་ལ་འདེམ་ཤོག་བྱེ་བ་གསུམ་དང་ས་ཡ་གཅིག་ལྷག་ཐོབ་པ་དང་། ཏུའུ་ཐི་ཨར་ཐི་ཁཱ་པེའོ་ལ་འདེམ་ཤོག་བྱེ་བ་གསུམ་དང་ས་ཡ་གཉིས་ལྷག་ཐོབ་ཡོད་ལ། ཁོ་གཉིས་ཕྱེད་གྲངས་བརྒལ་བའི་འདེམ་ཤོག་ཐོབ་ཚད་ཀྱིས་རང་རང་གི་འགྲན་ཡ་ལས་རྣམ་པར་རྒྱལ་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།