ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་མུ་མཐུད་དུ་རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉི་ཤུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འཐུས་མིའི་འགན་གཅིག་ལྕོགས་སུ་ཁུར་མཁན་ལེའོ་ལི་ཆང་གིས་ཚེས་བཅུ་དགུ་ཉིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྤྱི་ཚོགས་ལས་དོན་གྱི་དྲུང་ཡིག་ཆེན་མོའི་ལས་རོགས་པ་ཧེ་ཧྥ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཚུལ་བསྟན། 

ལེའོ་ལི་ཆང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དག་གིས་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱས་ཏེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་སྲོལ་རྒྱུན་མཛའ་བརྩེ་དང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་སོང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཨ་རབ་རྒྱལ་ཁབ་དག་དང་ལག་རྡང་སྦྲེལ་ནས་རིམས་ནད་འགོག་བཅོས་བྱེད་པ་དང་། རིམས་འགོག་མཉམ་ལས་ཁྲོད་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་དང་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་གསར་བསྐྲུན་བྱེད་འདོད་ཡོད་ཟེར། 

ཧེ་ཧྥ་ཡིས་ཀྲུང་གོའི་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཐད་འགོག་སྨན་དང་རིམས་འགོག་དངོས་རྫས་མང་བོའི་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་པ་དང་། མིག་སྔར་འཛམ་གླིང་ཡོངས་སུ་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་ལ། ཨོ་མུས་ཁེ་རོན་གཤིས་འགྱུར་ནད་དུག་ལས་རིམས་འགོག་འགྲན་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ཡོད། ཨ་རབ་རྒྱལ་ཁབ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་རིམས་འགོག་མཉམ་ལས་དང་བརྗེ་རེས་ཟབ་མོ་སྤེལ་འདོད་ཡོད་ཟེར། ཉིས་སྟོང་ཉི་ཤུ་ལོའི་ཟླ་གཉིས་པར་ཨ་རབ་འཕྲོད་བསྟེན་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ང་གསུམ་པ་ནས་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་གསལ་སྒྲོག་ལས་ཀྲུང་གོའི་རིམས་འགོག་ཐད་ཀྱི་བྱ་བར་གདེང་འཇོག་ཆེན་པོ་བྱས་ཏེ་རྒྱབ་སྐྱོར་བྱས་ཡོད། ཨ་རབ་རྒྱལ་ཁབ་ཕྱོགས་ཀྱི་ལངས་ཕྱོགས་དེ་འགྱུར་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།