ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་བྱང་ཆིངས་རྩ་འཛུགས་དང་ཐུར་ཁེ་རང་སྟེང་གི་བདེ་འཇགས་ལ་གནོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་བསྐྱེད་བྱ་སྤྱོད་ལ་ཡིད་འཐད་འབྱུང་མི་སྲིད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས། ཐུར་ཁེ་བྱང་ཆིངས་རྩ་འཛུགས་དང་ཐུར་ཁེ་རང་སྟེང་གི་བདེ་འཇགས་ལ་གནོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་བསྐྱེད་བྱ་སྤྱོད་གང་རུང་ལ་ཡིད་འཐད་འབྱུང་མི་སྲིད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་སྲིད་འཛིན་ཏང་དྲང་བདེན་དང་འཕེལ་རྒྱས་ཏང་གི་གྲོས་ཁང་ཏང་ཚོགས་གྲོས་ཚོགས་སྟེང་བཤད་རྒྱུར། ཐུར་ཁེ་ཡིས་རང་གི་མཐའ་མཚམས་སུ་འཇིགས་སྐུལ་རྩ་འཛུགས་ཀྱི་འཇབ་རྒོལ་མི་ཐེབས་པར་སྲུང་སྐྱོབ་བྱེད་དགོས་པ་དང་། ཐུར་ཁེ་ཕྱོགས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོས་ཐུར་ཁེའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ཀྱི་ཚོར་སྐྱེན་རང་བཞིན་ཤེས་དགོས་ལ། གང་ནུས་ཀྱིས་ཐུར་ཁེའི་འཇིགས་སྐུལ་ངོ་རྒོལ་བྱ་བར་རྒྱབ་སྐྱོར་དང་བརྩི་འཇོག་བྱེད་དགོས་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཁོངས་གཏོགས་རྒྱལ་ཁབ་ཀྱི་འཇིགས་སྐུལ་ངོ་རྒོལ་གནད་དོན་གྱི་ཚོར་སྐྱེན་རང་བཞིན་ལ་བརྩི་འཇོག་བྱས་ན་བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་བསྐྱེད་བྱ་སྤྱོད་ལ་ད་གཟོད་དོན་སྙིང་ཡོད་པ་ཡིན། ཧྥུན་ལན་དང་སུའེ་ཏེན་གྱིས་ཁུའུ་ཨར་ཏི་བཟོ་བའི་ཏང་དང་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། དེ་ནི་རྒྱལ་ཁབ་དེ་གཉིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་ཐོག་མའི་སེམས་འདུན་དང་མི་འཚམ་ཟེར། 

ཉེ་སྔོན་ཐུར་ཁེ་ཕྱོགས་ཀྱིས་ཐེངས་མང་བོར་ནན་གྱི་བསྟན་དོན། ཧྥུན་ལན་དང་སུའེ་ཏེན་གྱིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་བརྩོན་ལེན་བྱེད་སྐབས་ངེས་པར་དུ་ཁུའུ་ཨར་ཏི་བཟོ་བའི་ཏང་སོགས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པ་དང་། ཐུར་ཁེའི་རྒྱལ་སྲུང་སྒྲིག་ཆས་ཕྱིར་གཏོང་ཐད་ཀྱི་ཚད་བཀག་མེད་པར་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།