ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱིས་རྒྱལ་ཁབ་ཀྱི་འཐབ་འཛིང་རྣམ་པའི་ཡུན་ཚད་ཉིན་དགུ་བཅུས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྲོས་ཁང་གིས་ཚེས་བཅོ་བརྒྱད་ཉིན་རང་གི་དྲ་ཚིགས་བརྒྱུད་དེ་རྒྱལ་ཁབ་ཀྱི་འཐབ་འཛིང་རྣམ་པའི་ཡུན་ཚད་ཇེ་རིང་དུ་གཏོང་བའི་ཙུང་ཐུང་བཀའ་རྒྱའི་འཆར་ཟིན་ལ་ཆོག་མཆན་བཀོད་པའི་གནས་ཚུལ་བསྒྲགས། ཙུང་ཐུང་གི་བཀའ་རྒྱ་གསར་བ་ལྟར་ན། ཝུའུ་ཁི་ལན་གྱི་རྒྱལ་ཁབ་འཐབ་འཛིང་རྣམ་པའི་ཡུན་ཚད་དེ་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་གྱི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུ་ནས་ཉིན་དགུ་བཅུས་ཇེ་རིང་དུ་གཏོང་རྒྱུ་རེད། 

ཝུའུ་ཁི་ལན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྲོས་ཁང་གིས་ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་ཝུའུ་ཁི་ལན་གྱི་མངའ་ཁོངས་ཧྲིལ་བོར་དུས་ཡུན་ཉིན་སུམ་ཅུའི་རིང་གི་འཐབ་འཛིང་རྣམ་པ་ལག་བསྟར་བྱེད་པའི་ཙུང་ཐུང་བཀའ་རྒྱར་གྲོས་མཐུན་བཀོད་པ་དང་། དེའི་རྗེས་སུ་ཝུའུ་ཁི་ལན་གྲོས་ཁང་གིས་སོ་སོར་ཟླ་བཞི་བའི་ཚེས་ཉེར་ལྔ་དང་ཟླ་ལྔ་བའི་ཚེས་ཉེར་ལྔའི་བར་ཐེངས་གཉིས་ལ་རྒྱལ་ཁབ་ཀྱི་འཐབ་འཛིང་རྣམ་པའི་ཡུན་ཚད་ཇེ་རིང་དུ་གཏོང་བའི་ཙུང་ཐུང་བཀའ་རྒྱར་ཆོག་མཆན་བཀོད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།