མཱར་ཐཱ་དང་ཨིར་ལན་གྱི་ཙུང་ཐུང་གིས་རྒྱལ་སྤྱིའི་ཞི་བདེ་དང་གཏན་འཇགས་ཆེད་མུ་མཐུད་དུ་མཉམ་ལས་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱར་ཐཱའི་ཙུང་ཐུང་ཝེ་ལཱ་ཡིས་ཚེས་བཅུ་གཉིས་ཉིན་མཱར་ཐཱའི་དབུས་ཕྱོགས་ཀྱི་གྲོང་ཁྱེར་ཨ་ཐཱར་ཏི་ནས་འཚམས་འདྲིར་ཡོང་བའི་ཨིར་ལན་གྱི་ཙུང་ཐུང་ཞེ་ཅིན་སི་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་གཏན་འཇགས་ཆེད་མུ་མཐུད་དུ་མཉམ་ལས་བྱེད་རྒྱུ་ཁས་ལེན་བྱས། 

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། མཱར་ཐཱ་དང་ཨིར་ལན་བར་ཐུན་མོང་གི་རིག་གནས་དང་ལོ་རྒྱུས་སྦྲེལ་ཐག་ཡོད་ལ། དེ་རྒྱལ་ཁབ་གཉིས་ཀྱི་ས་ཁུལ་རེ་འགའ་དང་རྒྱལ་སྤྱིའི་ལས་དོན་ཐད་བཟུང་བའི་ཐུན་མོང་གི་དབུས་གནས་ལངས་ཕྱོགས་ལས་མངོན་པར་མཚོན་ཡོད་ཟེར། 

ཞེ་ཅིན་སི་ཡིས་བཤད་རྒྱུར། ཨིར་ལན་གྱིས་མཱར་ཐཱ་ཡིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་གནད་དོན་ཐག་གཅོད་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། མཱར་ཐཱ་ཡིས་ཨིར་ལན་གྱིས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་ལས་བྲལ་བ་ལས་བྱུང་བའི་ཤུགས་རྐྱེན་ཐག་གཅོད་བྱེད་པར་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས་པར་མ་ཟད། ཝུའུ་ཁི་ལན་གྱི་མི་ཆོས་རིང་ལུགས་ཉམས་ཉེན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།