ཧྥུན་ལན་དང་དབྱིན་ཇི་ཡིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་རྒྱལ་སྲུང་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

1.jpg

ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་ཡིས་ཧི་ཨར་ཞིན་ཅི་ནས་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་དང་ལག་འཇུ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥུན་ལན་དང་དབྱིན་ཇི་ཡིས་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕ་རོལ་བས་རེ་བ་བཏོན་པའི་གནས་ཚུལ་འོག་དམག་དོན་སོགས་ཀྱི་ཐད་ནས་ཕན་ཚུན་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས། 

ཉིན་དེར་ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་ཡིས་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་དང་ཡོ་རོབ་གླིང་གི་བདེ་འཇགས་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། དེའི་རྗེས་སུ་མཉམ་འབྲེལ་གསལ་སྒྲོག་སྤེལ། 

གསལ་སྒྲོག་ལས་བཤད་རྒྱུར། ཧྥུན་ལན་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་གནས་ཚུལ་གང་རུང་དང་འཚམ་པའི་རྒྱལ་སྲུང་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པའི་རེ་བ་ཡོད། གནོད་འཚེ་དང་འཇབ་རྒོལ་བྱུང་བའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱིས་རྣམ་པ་གང་རུང་གིས་ཕན་ཚུན་རོགས་རམ་བྱེད་རྒྱུ་ཡིན་ལ། དེའི་ནང་དམག་དོན་བྱེད་ཐབས་ཀྱང་འདུས་ཡོད་ངེས་རེད་ཟེར། 

ཉིན་དེའི་སྔ་དྲོར། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཨན་ཏི་སུང་དང་འཚམས་འདྲིར་ཡོང་བའི་ཡོ་ཧན་ཞོན་གཉིས་ཀྱིས་སུའེ་ཏེན་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་བསྒྲགས་གཏམ་བཀོད་པ་དང་། དམིགས་ཡུལ་ནི་དམག་དོན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཆེད་དུ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།