ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཞིང་ལས་ཐན་འགོག་བྱ་བ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་བའི་དུས་སྐབས་ཤིག་གི་ནང་། ཁྲའོ་ཞན་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་སྔོན་ཆད་ལས་མཐོ་བ་དང་ཆར་འབབ་ཚད་ཅུང་ཉུང་བས། ས་ཁུལ་མི་ཉུང་བ་ཞིག་ཏུ་ཐན་པ་བྱུང་ཡོད། དེ་བས་ཁྲའོ་ཞན་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཞིང་ལས་ཐན་འགོག་བྱ་བ་སྤེལ། 

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཉེ་སྔོན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཞིང་ལས་སྡེ་ཁག་གིས་ལས་བྱེད་མི་སྣ་སྐོར་ཞིག་ཆར་ཆུ་འབབ་ཚད་ཧ་ཅང་ཉུང་བའི་ཧོང་ཧེ་ལྷོ་བརྒྱུད་དང་ཧོང་ཧེ་བྱང་བརྒྱུད། ཁའེ་ཁྲིན་གྲོང་ཁྱེར་སོགས་སུ་མངག་ནས་ས་ཁུལ་སོ་སོའི་ཐན་སྐྱོན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། དུས་ལྟར་ཐན་འགོག་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས། བྱ་བའི་ཕན་ནུས་མཐོར་འདེགས་བྱེད་ཆེད། སྲིད་གཞུང་གིས་ད་རུང་ཐན་སྐྱོན་ཚབས་ཆེ་བའི་ས་ཁུལ་དུ་ཆུ་གཏོར་རླངས་འཁོར་དང་ཆུ་འདྲེན་འཕྲུལ་ཆས་ཆུང་བ། མིའི་ཐབས་ཀྱིས་ཆར་འབེབས་སྒྲིག་ཆས་སོགས་སྒྲིག་སྦྱོར་བྱས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཁྲའོ་ཞན་ཀྲུང་དབྱང་དང་ས་གནས་ཀྱི་རིག་རྩལ་བྱ་བ་བྱེད་མཁན་དག་ཐན་སྐྱོན་ཆེ་བའི་ཡུལ་དངོས་སུ་སོང་སྟེ། ཞིང་ལས་ངལ་རྩོལ་མཁན་དང་ཞིང་ལས་རོགས་འདེགས་མི་སྣར་སྐུལ་མ་ཆེན་པོ་ཐེབས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།