དབྱི་སི་རལ་གྱི་བདེ་འཇགས་དམག་དཔུང་གིས་ཕཱ་ལེ་སི་ཐན་གྱི་མི་གཉིས་འཛིན་བཟུང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་བདེ་འཇགས་དམག་དཔུང་གིས་ཚེས་བརྒྱད་ཉིན་ཕཱ་ལེ་སི་ཐན་གྱི་མི་གཉིས་འཛིན་བཟུང་བྱས་པ་དང་། མི་དེ་གཉིས་ཚེས་ལྔ་ཉིན་གྱི་དགོང་མོར་དབྱི་སི་རལ་དབུས་ཕྱོགས་ཀྱི་ཨེ་ལཱ་ཏི་གྲོང་ཁྱེར་ནས་བཟོས་པའི་འཇབ་རྒོལ་དོན་རྐྱེན་ལ་འབྲེལ་བ་ཡོད་པ་ཁྱབ་བསྒྲགས་བྱས། 

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཛིན་བཟུང་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་དེ་གཉིས་སོ་སོར་ལོ་བཅུ་དགུ་དང་ལོ་ཉི་ཤུ་ཡིན་ལ། ཁོ་གཉི་ག་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་ས་ཁུལ་ནས་ཡོང་བ་རེད། 

ཨེ་ལཱ་ཏི་གྲོང་ཁྱེར་དུ་ཚེས་ལྔ་ཉིན་གྱི་དགོང་མོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། དབྱི་སི་རལ་གྱི་མི་གསུམ་རྐྱེན་ལམ་དུ་ཤོར། དབྱི་སི་རལ་གྱི་བདེ་འཇགས་དཔོན་རིགས་ཤིག་གིས་བཤད་རྒྱུར། འཇབ་རྒོལ་མཁན་གཉིས་ཀྱིས་སྟ་རེ་དང་གྲི་བཟུང་ཡོད་པ་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་དབྱི་སི་རལ་དུ་ཡོང་ནས་འཇབ་རྒོལ་དོན་རྐྱེན་བཟོས་པ་རེད་ཟེར། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། འཇབ་རྒོལ་དོན་རྐྱེན་བྱུང་རྗེས་དབྱི་སི་རལ་གྱི་བདེ་འཇགས་དམག་དཔུང་དང་ཉེན་རྟོག་ཕྱོགས་ཀྱིས་གཞི་རྒྱ་ཆེ་བའི་སྔོག་བཤེར་འགུལ་སྐྱོད་སྤེལ་བ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།