ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་མི་སེར་དཀྱུས་མ་ཕྱིར་འཐེན་བྱེད་པའི་འགུལ་སྐྱོད་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཁབ་འགོག་སྲུང་བཀོད་འདོམ་ལྟེ་གནས་ཀྱི་འགན་ཁུར་བ་མུས་ཅིན་ཚེ་ཧྥུའུ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། བསྟུད་མར་ཉིན་གསུམ་རིང་གི་མཱ་ལི་ཝུ་པའོ་ཨར་གྲོང་ཁྱེར་གྱི་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་མི་སེར་དཀྱུས་མ་ཕྱིར་འཐེན་བྱེད་པའི་འགུལ་སྐྱོད་མཇུག་སྒྲིལ་ཡོད་ཟེར། 

མུས་ཅིན་ཚེ་ཧྥུའུ་ཡིས་བཤད་རྒྱུར། ཚེས་ལྔ་ཉིན་གྱི་ཚུན་ལ། ཨུ་རུ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭ་ནས་མི་སེར་དཀྱུས་མ་ང་གཅིག་ཕྱིར་འཐེན་བྱས་པ་དང་། དེའི་ནང་སྐྱེས་པ་བཅོ་བརྒྱད་དང་། བུད་མེད་ཉེར་གཉིས། བྱིས་པ་བཅུ་གཅིག་བསད་འདུས་ཟེར། 

ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་ཝེ་ལེ་ཞིག་ཁི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། བུད་མེད་དང་བྱིས་པ། རྒན་པ་བཅས་ཚང་མ་ཝུའུ་ཁི་ལན་གྱི་མཱ་ལི་ཝུ་པའོ་ཨར་གྲོང་ཁྱེར་གྱི་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭ་ནས་ཕྱིར་འཐེན་བྱས་ཡོད་ཟེར། 

ཝེ་ལེ་ཞིག་ཁི་ཡིས་ཉིན་དེར་བཤད་རྒྱུར། བུད་མེད་དང་བྱིས་པ། རྒན་པ་བཅས་ཚང་མ་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭ་ནས་ཕྱིར་འཐེན་བྱས་ཡོད་ལ། མཱ་ལི་ཝུ་པའོ་ཨར་གྱི་མི་ཆོས་རིང་ལུགས་འགུལ་སྐྱོད་ཀྱི་བྱ་བ་སྐོར་ཞིག་ཡོངས་འགྲུབ་བྱས་ཡོད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་དམག་དཔུང་གིས་མའོ་སི་ཁོའི་དུས་ཚོད་ཚེས་ལྔ་ཉིན་དང་ཚེས་དྲུག་ཉིན། ཚེས་བདུན་ཉིན་བཅས་ཀྱི་ཞོགས་པའི་དུས་ཚོད་བརྒྱད་ནས་ཕྱི་དྲོའི་དུས་ཚོད་དྲུག་བར་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་འབྱེད་དེ། མི་སེར་དཀྱུས་མ་དག་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭ་ནས་ཕྱིར་འཐེན་བྱེད་དུ་བཅུག དེའི་སྐབས་སུ་ཨུ་རུ་སི་དང་ཏོན་ནེ་ཚི་ཁིའི་དྲག་ཆས་སྟོབས་ཤུགས་ཀྱིས་ཕྱོགས་གཅིག་ནས་འཐབ་འཁྲུག་འགུལ་སྐྱོད་ཡོད་ཚད་མཚམས་བཞག་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།