ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ལཱ་ཡིས་ཡང་བསྐྱར་བྲེལ་མྱུར་དོགས་ཟོན་རྣམ་པ་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་ཙུང་ཐུང་བཞུགས་ཤག་གསར་འགྱུར་སྨྱན་བྱད་ཁྲུའུ་ཡིས་ཚེས་དྲུག་ཉིན་གྱི་དགོང་མོར་བསྒྲགས་པའི་གནས་ཚུལ་ལྟར་ན། ཙུང་ཐུང་ཀི་ཐཱ་པཱ་ཡཱ་ལཱ་ཅཱ་ཕཱ་ཁི་སཱ་ཡིས་ཉིན་དེའི་ནམ་གུང་ནས་བཟུང་བྲེལ་མྱུར་དོགས་ཟོན་རྣམ་པ་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཟེར། 

སིང་ག་ལཱའི་ཙུང་ཐུང་བཞུགས་ཤག་གསར་འགྱུར་སྨྱན་བྱད་ཁྲུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། བྲེལ་མྱུར་དོགས་ཟོན་རྣམ་པ་ལག་བསྟར་བྱེད་པ་ནི་སྤྱི་བའི་བདེ་འཇགས་དང་སྤྱི་བའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཚོགས་འཚོ་བ་རྒྱུན་སྐྱོང་བར་མཁོ་བའི་མཁོ་འདོན་དང་ཞབས་ཞུར་ཁག་ཐེག་བྱེད་ཆེད་ཡིན་ཟེར། 

ཀི་ཐཱ་པཱ་ཡཱ་ལཱ་ཅཱ་ཕཱ་ཁི་སཱ་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་གྱི་དགོང་མོར་རྒྱལ་ཡོངས་སུ་སྤྱི་བའི་བྲེལ་མྱུར་དོགས་ཟོན་རྣམ་པ་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཟླ་བཞི་བའི་ཚེས་ལྔ་ཉིན་གྱི་དགོང་མོར་རྩིས་མེད་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། 

ཉེ་སྔོན་སིང་ག་ལཱ་ནས་བསྟུད་མར་ངོ་རྒོལ་བྱ་འགུལ་བྱུང་བ་དང་། ངོ་རྒོལ་མཁན་གྱིས་སྲིད་གཞུང་གིས་མྱུར་མོར་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་དཔལ་འབྱོར་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།