ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྦྱོར་བས་དབྱི་ལིང་དུ་འཚམས་འདྲི་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་འོད་སྣང་འཕྲིན་གཏོང་ཁང་གིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྦྱོར་བ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་ཡིས་ཚེས་བཅུ་ཉིན་དབྱི་ལིང་དུ་འཚམས་འདྲི་བྱས་ནས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་བར་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་རེད། 

བསྒྲགས་པ་ལྟར་ན། དབྱི་ལིང་གིས་ཉེ་སྔོན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་བར་དུས་རྒྱུན་འབྲེལ་འདྲིས་བྱེད་བཞིན་ཡོད་པ་དང་། ཡིག་ཐོག་གི་བརྡ་འཕྲིན་བརྗེ་སྤོར་བྱེད་པའི་ཐབས་ཀྱིས་ཐག་གཅོད་ཐོབ་མེད་པའི་གནད་དོན་ལ་མུ་མཐུད་དུ་གྲོས་མོལ་བྱེད་བཞིན་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་དང་ཨ་མེ་རི་ཁས་བསམ་འཆར་བརྗེ་རེས་བྱེད་པའི་ཐད་ཐོན་པའི་ནུས་པར་དམིགས་ཏེ། མའོ་ལཱའི་འཚམས་འདྲི་དེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་ལྷག་པའི་གནད་དོན་གལ་ཆེན་དུ་བརྩིས་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་པའི་གོ་རིམ་གསར་བར་བསམ་ཡོད་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས་བདུན་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་ཛ་དྲག་གི་གནས་བབ་གཏོར་བར་འབད་བཞིན་ཡོད་པ་དང་། ཁོས་མའོ་ལཱ་ཡིས་ཉེ་ལམ་དབྱི་ལིང་དུ་འཚམས་འདྲི་བྱས་ན་བསམ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།