ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་ནས་ཞི་བདེ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ཝུའུ་ཁི་ལན་ནས་ཞི་བདེ་མངོན་འགྱུར་བྱེད་པའི་འབོད་སྐུལ་བཏང་བར་དགའ་བསུ་ཞུས། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐོག་དང་པོར་ཝུའུ་ཁི་ལན་ནས་ཞི་བདེ་མངོན་འགྱུར་བྱེད་པའི་འབོད་སྐུལ་བཏང་བ་རེད། འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱས་ཏེ་འཁྲུག་རྩོད་མེད་པར་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རིན་ཐང་ལྟ་བར་སྲུང་སྐྱོབ་བྱེད་དགོས། ཁོས་མུ་མཐུད་དུ་བློ་བརྟན་འགྱུར་མེད་དུ་ཚེ་སྲོག་བསྐྱབས་ནས་དཀའ་སྡུག་ཇེ་ཉུང་དུ་གཏོང་བ་དང་། ཞི་བདེ་འཚོལ་ཞིབ་བྱེད་པའི་ལམ་དུ་བསྐྱོད་དགོས་པའི་ཚུལ་བསྟན། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་ཞི་བདེའི་བྱེད་ཐབས་ཀྱིས་རྒྱལ་སྤྱིའི་རྩོད་གླེང་ཐག་གཅོད་བྱེད་པའི་འོས་འགན་ཁུར་དུ་ལེན་དགོས་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀུའུ་ཐི་ལོས་སི་ཡིས་ཞི་བའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་གང་ལེགས་བྱེད་ངེས་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་སྔ་གཞུག་ཏུ་ཨུ་རུ་སི་དང་ཝུའུ་ཁི་ལན་ལ་འཚམས་འདྲི་བྱས་ཤིང་། སོ་སོར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་གཉིས་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་མིག་སྔའི་འཁྲུག་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་། ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་འགུལ་སྐྱོད་ལ་བརྟེན་ནས། མི་སེར་དཀྱུས་མ་ལྔ་བརྒྱ་ཙམ་ཝུའུ་ཁི་ལན་གྱི་གྲུ་ཁའི་གྲོང་ཁྱེར་མཱ་ལི་ཝུ་པའོ་ཨར་ནས་ཕྱིར་འཐེན་བྱས་ཡོད། དེའི་ནང་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་ནང་བཀག་པའི་མི་སྣའི་ཕྱིར་འཐེན་ཡང་འདུས་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།