ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་ལྔ་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་ཁ་པར་གྲོས་མོལ་བྱས། 

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཚེས་ལྔ་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཙུང་ཐུང་གཉིས་ཀྱིས་བལྟས་ན་ཐེངས་འདིའི་ཁ་པར་གྲོས་མོལ་ཧ་ཅང་གལ་ཆེ་བ་དང་གྲུབ་འབྲས་བཟང་བར་བསམ་ཡོད་ལ། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱེད་པར་ཡིད་འཐད་བྱུང་ཟེར། སྤྱི་སྒྲོག་ལས་ད་རུང་སྔོན་ཆད་ཀྱི་ཡིད་སེམས་སྤྲོ་བོ་མིན་པའི་འགལ་བ་མེད་པར་བཏང་ཡོད་ཟེར། 

ཧྲི་ཐེ་ཡུན་མེད་ཨར་གྱིས་ད་ལོའི་ཟླ་བཞི་བར་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པའི་མགོ་ཁྲིད་པ་དང་མཉམ་དུ་ཝུའུ་ཁི་ལན་ལ་འཚམས་འདྲི་བྱེད་པའི་འཆར་གཞི་ཡོད་ཀྱང་། སྔོན་ཆད་ཀྱི་ཨུ་རུ་སིར་བློ་ཉེ་བའི་ལངས་ཕྱོགས་དབང་གིས་ཝུའུ་ཁི་ལན་གྱིས་དང་ལེན་མ་བྱས་པ་རེད། 

དེ་ལས་གཞན་འཇར་མན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཙེ་ལེན་སི་ཅི་ཡིས་ད་རུང་ཧྲི་ཐེ་ཡུན་མེད་ཨར་དང་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཅི་ཧྥུའུ་རུ་འཚམས་འདྲི་བྱེད་པར་གདན་ཞུ་བྱས་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་ཚེས་ལྔ་ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཉིན་དེར་ཁོས་ཧྲི་ཐེ་ཡུན་མེད་ཨར་དང་མཉམ་དུ་འཛུགས་སྐྲུན་རང་བཞིན་ལྡན་ཞིང་གལ་ཆེ་བའི་གྲོས་མོལ་བཟང་བོ་སྤེལ་ཡོད་ཟེར། ཙེ་ལེན་སི་ཅི་ཡིས་ཧྲི་ཐེ་ཡུན་མེད་ཨར་གྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱབ་སྐྱོར་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།