ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེ་དང་འཇར་པན་གྱི་མགོ་ཁྲིད་པས་གྲོས་མོལ་ལ་བརྟེན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་དགོས་པ་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་ཙུང་ལི་ཏི་ལཱ་ཅི་ཡིས་ཚེས་བཞི་ཉིན་རོ་མཱ་ནས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་འབད་འབུངས་བྱེད་དགོས་པའི་ཚུལ་བསྟན། 

དབྱི་ཐཱ་ལེའི་ཙུང་ལིའི་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བསྟན་དོན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་ད་རུང་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཁོ་འདོན་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་ཇེ་དལ་དུ་འགྲོ་བའི་སྣང་ཚུལ། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་སོགས་ལ་གྲོས་བསྡུར་བྱས། ཏི་ལཱ་ཅི་ཡིས་འཇར་པན་གྱིས་ད་ལོའི་ཟླ་གཉིས་པར་ཡོ་རོབ་གླིང་ལ་གཤེར་གཟུགས་རང་བྱུང་སོལ་རླངས་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས། 

ཨན་ཐེན་ཝུན་ཞོང་གི་ཐེངས་འདིའི་འཚམས་འདྲི་ནི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྔོན་གྱི་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་བྱ་བའི་ཁག་ཅིག་ཡིན་པ་རེད། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཟླ་དྲུག་པར་འཇར་མན་ནས་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།