ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་སོགས་མི་རེ་གསུམ་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བ་གཏན་འགོག་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་ཨན་ཐེན་ཝུན་ཞོང་འཇར་པན་ཏུང་ཅིན་དུ་ཡོད་པའི་དབུ་བཞུགས་བློན་ཆེན་བཞུགས་ཤག་དུ་འགྲོ་བའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་དང་ནང་སྲིད་ཀྱི་སྲིད་འཛིན་དཔོན་པོ་སུང་ཡེ་པའོ་དབྱེ། ཕྱི་འབྲེལ་བློན་ཆེན་ལིན་ཧྥང་ཀྲིན་སོགས་སྲིད་གཞུང་གི་དཔོན་རིགས་དང་བཅས་པའི་འཇར་པན་གྱི་སྤྱི་དམངས་རེ་གསུམ་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བ་གཏན་འགོག་བྱེད་རྒྱུ་ཁྱབ་བསྒྲགས་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། འཇར་པན་སྲིད་གཞུང་གིས་ཨུ་རུ་སིར་རྒོལ་བའི་འགུལ་སྐྱོད་སྤེལ་བ་དང་། ཨུ་རུ་སིར་དམིགས་ནས་དང་ལེན་བྱེད་ཐབས་མེད་པའི་གཏམ་བཤད་སྤེལ་ཆོག་པར་མ་ཟད། ཨུ་རུ་སིར་བསྙད་འདོགས་དང་ཐད་ཀར་འཇིགས་སྐུལ་བྱས་ཆོག་ཡོད་ལ། འཇར་པན་གྱི་སྐད་གྲགས་ཆེ་བའི་མི་སྣ་དང་ཆེད་མཁས་པ། གསར་འགྱུར་སྨྱན་བྱད་བཅས་དེར་ཡིད་འཐད་བྱུང་ཡོད། འཇར་པན་སྲིད་གཞུང་གི་ལམ་ཐིག་དེའི་དམིགས་ཡུལ་ནི་ཨུ་རུ་སི་དང་འཇར་པན་གྱི་ཁྱིམ་མཚེས་འབྲེལ་བར་གཏོར་བརླག་བཏང་ནས་ཨུ་རུ་སིའི་དཔལ་འབྱོར་དང་རྒྱལ་སྤྱིའི་མཚན་སྙན་ལ་གནོད་སྐྱེལ་བའི་ཆེད་དུ་རེད། གོང་གི་གནས་ཚུལ་དང་འཇར་པན་སྲིད་གཞུང་གིས་ཨུ་རུ་སིའི་སྤྱི་དམངས་ལ་མི་སྒེར་གྱི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་བསམ་བློ་བཏང་སྟེ། ཨུ་རུ་སིའི་ཕྱོགས་ཀྱིས་འཇར་པན་གྱི་སྤྱི་དམངས་སྐོར་ཞིག་ཨུ་རུ་སིའི་མངའ་ཁོངས་སུ་ཡོང་བ་གཏན་འགོག་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་ཁྱབ་བསྒྲགས་བྱས་པའི་མིང་ཐོའི་ནང་ད་རུང་འཇར་པན་གྱི་ནོར་སྲིད་བློན་ཆེན་ལིན་མུའུ་ཅོན་དབྱེ་དང་འགོག་སྲུང་བློན་ཆེན་ཨན་ཞིན་ཧྥུའུ་སོགས་དཔོན་རིགས་དང་། དེ་མིན་ཐོན་ལས་དཔལ་འབྱོར་གསར་འགྱུར་སོགས་འཇར་པན་གྱི་སྨྱན་བྱད་ལས་ཁུངས་མང་བོའི་མི་སྣ་དང་ཆེད་མཁས་པ་སོགས་འདུས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།