ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨུ་རུ་སིས་ཟླ་ལྔ་པའི་ཚེས་དགུའི་སྔོན་ལ་དམིགས་བསལ་དམག་དོན་འགུལ་སྐྱོད་མཚམས་འཇོག་མི་སྲིད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨུ་རུ་སིས་ཟླ་ལྔ་པའི་ཚེས་དགུའི་སྔོན་ལ་དམིགས་བསལ་དམག་དོན་འགུལ་སྐྱོད་མཚམས་འཇོག་མི་སྲིད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་དྲ་ཚིགས་ཀྱིས་ཚེས་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིས་ཟླ་ལྔ་པའི་ཚེས་དགུ་ཉིན་གྱི་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་བླངས་པའི་ཉིན་མོའི་སྔོན་ལ་ཝུའུ་ཁུ་ལན་གྱི་དམིགས་བསལ་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་མི་སྲིད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་སྨྱན་བྱད་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སིས་དུས་ཚོད་ག་གེ་མོའི་སྔོན་ལ་སྙེག་ནས་ཝུའུ་ཁུ་ལན་གྱི་དམིགས་བསལ་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་མི་སྲིད་ལ། ཟླ་ལྔ་པའི་ཚེས་དགུ་ཉིན་གྱི་རྒྱལ་ཁའི་ཉིན་མོའང་འདུ། ཨུ་རུ་སིས་སྔར་བཞིན་དུས་ཆེན་འདིར་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་ཡིན།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁུ་ལན་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་འཕེལ་རིམ་དེ་མི་སེར་དཀྱུས་མ་དང་ཨུ་རུ་སིའི་དམག་མིའི་ཉེན་ཁ་ཆེས་དམའ་བའི་ཚད་ལ་སླེབས་པར་བྱེད་པ་དང་རག་ལས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།