ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་རང་དབང་ཉོ་ཚོང་ཆོད་ཡིག་གི་ནུས་པ་དངོས་སུ་ཐོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས1ཉིན། རྒྱ་གར་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་ཆོད་ཡིག་གི་ནུས་པ་དངོས་སུ་ཐོན།

རྒྱ་གར་ཚོང་བཟོ་པུའུ་མཐོ་རིམ་དཔོན་པོ་སུའུ་པུའུ་ལ་མ་ཉི་ཡ་མུའུ་ཡིས་ཉིན་དེར་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ས་དབུས་རྒྱ་མཚོའི་ཤར་རྒྱུད་དང་ནུབ་རྒྱུད་དང་ཨ་ཧྥེ་རི་ཁ་བྱང་མ། ཡོ་རོབ་གླིང་དབུས་རྒྱུད། ས་ཧ་ར་ལྷོ་རྒྱུད་ཀྱི་ཧྥེ་གླིང་བཅས་ལ་བསྐྱོད་པའི་སྒོ་ཁྱིམ་ལྟ་བུ་ཡིན། ཆོད་ཡིག་གིས་ལོ་ལྔའི་ནང་ཕྱོགས་གཉིས་ཚོང་རྫས་ཉོ་ཚོང་ཚད་དེ་ད་ལྟའི་ལོ་རེའི་མེ་སྒོར་ཐེར་ཆེན་དྲུག་ནས་ལོ་རེའི་མེ་སྒོར་ཁྲག་ཁྲིག་གཅིག་ཏུ་འཕར་སྣོན་བྱེད་པར་རོགས་འདེགས་བྱེད་ཐུབ་ཟེར།

2022ལོའི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། རྒྱ་གར་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་ཡིག་བཀོད་པ་དང་། ཆོད་ཡིག་ལོགནུས་པ་ཐོན་པ་དང་བསྟུན་ནས། བརྒྱ་ཆའི་དགུ་བཅུ་ཡི་རྒྱ་གར་གྱི་ཚོང་རྫས་དང་བརྒྱ་ཆའི་རེ་ལྔ་ཡི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གྱི་ཚོང་རྫས་སྒོ་ཁྲལ་མེད་པར་ཚོང་རར་འདྲེན་ཐུབ་པར་བྱེད་རྒྱུ་རེད།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་རང་དབང་ཉོ་ཚོང་ཆོད་ཡིག་བཀོད་པ་ལས་གཞན། རྒྱ་གར་གྱིས་ད་དུང་ཨོ་སི་ཁྲུ་ལི་ཡ་དང་དབྱིན་ཇི། ཁ་ན་ཏ། དབྱི་སི་རལ། ཡོ་རོབ་གླིང་མནའ་འབྲེལ་དང་མཚོ་ཁུགས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་བར་རང་དབང་ཉོ་ཚོང་ཆོད་ཡིག་བཀོད་རྒྱུའི་རེ་བ་བཅངས་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།