ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་མིས་ཕ་ལེ་སི་ཐན་གྱི་མི་ཞིག་ལ་མེ་འདས་བརྒྱབ་སྟེ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་གསལ་བསྒྲགས་སྤེལ་ནས།    དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ཀའེ་ལི་ཅིས་ལིས་ཡེ་ཡི་ཉེ་འཁོར་དུ་ཕ་ལེ་སི་ཐན་གྱི་མི་ཞིག་བསད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།   དབྱི་སི་རལ་གྱི་དམག་མི་ཉིན་དེའི་ཞོགས་པར་ཀའེ་ལི་ཅིས་ལིས་ཡེ་གྲོང་ཁྱེར་ཤར་ཕྱོགས་ཀྱི་སྡེ་བ་ཞིག་ཏུ་ཡོང་ནས་སྔོག་བཤེར་འགུལ་སྐྱོད་སྤེལ་བ་དང་།  དེའི་རྗེས་སུ་ས་དེའི་སྡོད་དམངས་བར་དུ་འགལ་བ་ཚབས་ཆེན་བྱུང་ཟེར།

ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།    ལོ་ཉེར་བདུན་ཡིན་པའི་ཕ་ལེ་སི་ཐན་གྱི་ན་གཞོན་ཞིག་ལ་འཁྲུག་རྩོད་སྐབས་སུ་དབྱི་སི་རལ་གྱི་དམག་མིའི་མེ་མདའ་ཕོག་རྗེས་རྐྱེན་ལམ་དུ་ཤོར་ཟེར།

གཞན་ཡང་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།    ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་གཉིས་ཀྱིས་ཟླ་བཞི་པའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྱི་གྲོང་རྡལ་སའེ་ཞི་ཧྥེ་ཐི་ཡི་ཉེ་འཁོར་དུ་མེ་འདས་བརྒྱབ་སྟེ་དབྱི་སི་རལ་གྱི་བདེ་སྲུང་མི་སྣ་གཅིག་བསད་པས།  དབྱི་སི་རལ་གྱི་དམག་མིས་དེ་མ་ཐག་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྱི་ས་ཁུལ་མང་པོ་རུ་སྔོག་བཤེར་འགུལ་སྐྱོད་སྤེལ་བ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།