ཨེ་ཅིབ་ཏུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་བྱིས་པ་བརྒྱད་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་བྱང་ཕྱོགས་ཀྱི་པུའུ་ཧེ་ལ་ཞིང་ཆེན་དུ་ཚེས་སུམ་ཅུ་ཉིན་འགྲུལ་སྐྱེལ་འཁོར་གསུམ་རླངས་འཁོར་ཞིག་རྐ་ནང་དུ་ལྷུང་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་བྱིས་པ་བརྒྱད་རྐྱེན་ལམ་དུ་ཤོར།

ཨེ་ཅིབ་ཞིབ་དཔྱོད་སྡེ་ཁག་གིས་ཚེས་སུམ་ཅུ་ཉིན་གསལ་བསྒྲགས་ཤིག་སྤེལ་ནས་བཤད་རྒྱུར།  དོན་རྐྱེན་དེ་ཉིན་དེའི་ཞོགས་པར་པུའུ་ཧེ་ལ་ཞིང་ཆེན་གྱི་སྡེ་བ་ཞིག་གི་ཉེ་འགྲམ་དུ་བྱུང་།     བཟོ་གྲྭ་ནས་ལས་ཚོགས་གྲོལ་བའི་བྱིས་པ་བཅུ་གཉིས་འགྲུལ་སྐྱེལ་འཁོར་གསུམ་རླངས་འཁོར་ཞིག་ལ་བསྡད་དེ་ཕྱིར་རང་ཁྱིམ་དུ་ལོག་སྐབས།   རླངས་འཁོར་དེ་ལམ་འགྲམ་གྱི་རྐ་ནང་དུ་ལྷུང་སྟེ་རླངས་འཁོར་ནང་གི་བྱིས་པ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།

ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།  བྱིས་པ་བརྒྱད་པོ་དེའི་ལོ་ཚོད་ནི་ལོ་བཅུ་གཉིས་ནས་བཅོ་ལྔའི་བར་ཡིན།    ལས་འཛོལ་དབང་གིས་མི་བསད་པ་དང་འཛིན་ཡིག་མེད་པར་ཚད་གཞི་མི་ལོངས་པའི་རླངས་འཁོར་སྐོར་བའི་དབང་གིས་ཨེ་ཅིབ་ཞིབ་དཔྱོད་སྡེ་ཁག་གིས་རླངས་འཁོར་ཁ་ལོ་བ་དེ་སྐྱོན་འདོན་ཞུ་གཏུག་བྱས།    དེ་མིན།   ཨེ་ཅིབ་ཞིབ་དཔྱོད་སྡེ་ཁག་གིས་ད་རུང་བྱིས་པ་དེ་དག་གི་གླ་བདག་གིས་ཁྲིམས་འགལ་ངང་བྱིས་པ་གླས་པའི་དབང་གིས་ཁོ་ཚོའང་སྐྱོན་འདོན་ཞུ་གཏུག་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།