ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་ལྔ་དང་བྱེ་བ་གཅིག་འབུམ་གཉིས་ཁྲི་བདུན་དྲུག་བརྒྱ་རེ་བདུན་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དགུ་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།   འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་ལྔ་དང་བྱེ་བ་གཅིག་འབུམ་གཉིས་ཁྲི་བདུན་དྲུག་བརྒྱ་རེ་བདུན་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།   ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ཞེ་བདུན་བར་དུ།   འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་དྲུག་དང་སྟོང་བདུན་བརྒྱ་དང་ང་དགུ་ཇེ་མང་དུ་སོང་སྟེ་བསྡོམས་པས་ནད་པ་དུང་ཕྱུར་ལྔ་དང་བྱེ་བ་གཅིག་འབུམ་གཉིས་ཁྲི་བདུན་དྲུག་བརྒྱ་རེ་བདུན་ལ་སླེབས་ཡོད།   རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་གཉིས་དང་ལྔ་བརྒྱ་བཞི་ཇེ་མང་དུ་སོང་སྟེ་བསྡོམས་པས་ས་ཡ་དྲུག་དང་འབུམ་གཉིས་ཁྲི་གསུམ་སྟོང་གསུམ་ལྔ་བརྒྱ་ཉེར་དྲུག་ལ་སླེབས་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།