ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨུ་རུ་སིའི་མགོ་ཁྲིད་ཀྱིས་ཡང་བསྐྱར་ཁ་པར་བཏང་ནས་ཝུའུ་ཁུ་ལན་གྱི་གནས་བབ་སོགས་ཀྱི་གནད་དོན་ཐད་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཡང་བསྐྱར་ཁ་པར་བཏང་ནས་ཝུའུ་ཁུ་ལན་གྱི་གནས་བབ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཐུར་ཁེའི་ཙུང་ཐུང་གཞུང་སྒྲུང་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཕུའུ་ཅིན་གྱིས་ཁ་པར་ཁྲོད་ཐུར་ཁེ་ཡིས་ཚེས་ཉེར་བདུན་ཉིན་ཨུ་རུ་སི་དང་ཨ་མེ་རི་ཁས་བཀག་སྐྱིལ་བྱས་པའི་མི་སྣ་བརྗེ་རེས་བྱེད་པར་གཞོགས་འདེགས་བྱས་པར་བཀའ་དྲིན་ཆེ་ཞུས། ཨེ་ཨར་ཏོ་ཨན་གྱིས་བསྟན་དོན། ཐུར་ཁེའི་གོ་རིམ་འདིའི་ཁྲོད་ཀྱི་འབད་འབུངས་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་འཚམས་འཇོག་པའི་ཐད་དོན་སྙིང་གལ་ཆེན་ལྡན། ཐུར་ཁེ་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་སི་ཐན་པོར་གྲོས་མོལ་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་འབད་པ་བྱས་ནས་ཡུན་རིང་གི་ཞི་བདེ་མྱུར་དུ་མངོན་འགྱུར་བྱེད་དགོས།

ཁུ་ལི་མུའུ་ལིན་ཕོ་བྲང་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨེ་ཨར་ཏོ་ཨན་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཐད་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན། ཨུ་རུ་སི་ཕྱོགས་ཀྱིས་ཨུ་རུ་སི་དང་ཨ་མེ་རི་ཁས་ཐུར་ཁེའི་ཨན་ཁ་ལ་གནམ་གྲུ་ཐང་ནས་ཨུ་རུ་སིའི་སྤྱི་དམངས་ཡཱ་ལོ་ཧྲིན་ཁུ་དང་ཨ་མེ་རི་ཁའི་སྤྱི་དམངས་ལི་ཏི་གཉིས་བརྗེ་སྤྲོད་བྱས་པའི་ཐད་ཐུར་ཁེས་གཞོགས་འདེགས་བྱས་པར་བཀའ་དྲིན་ཞུས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།