ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕ་ཁི་སི་ཐན་ཁཱ་ལ་ཆི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས28ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུའུ་ཞིའི་གསར་འགྱུར་གླེང་མོལ་སྤེལ་དེ། ཚེས26ཉིན་ཕ་ཁི་སི་ཐན་ཁཱ་ལ་ཆི་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་།

ཀྲུའུ་ཞིའི་གསར་འགྱུར་གླེང་མོལ་ནང་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་ཁཱ་ལ་ཆི་སློབ་ཆེན་དུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་ཞིང་།  ཐེངས་འདིའི་འཇབ་རྒོལ་ཁྲོད་ཀྲུང་གོ་བ3དང་ཕ་ཁི་སི་ཐན་གྱི་མི1རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་ཕོག “པི་ལུའུ་ཀྲི་བཅིངས་འགྲོལ་དམག”མཱ་ཅི་ཏེ་ལུའེ་ཡིས་ཐེངས་འདིའི་འཇབ་རྒོལ་བཟོས་པ་ཡོངས་བསྒྲགས་བྱས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་གནོད་འཚེ་ཕོག་མཁན་གྱི་ཉེ་མི་དང་། ཕ་ཁི་སི་ཐན་དང་ཀྲུང་གོའི་སྲིད་གཞུང་ལ་གདུང་སེམས་མཉམ་སྐྱེད་དང་སེམས་གསོའི་འཚམས་འདྲི་ཞུས་པ་མ་ཟད། རྣམ་པ་དང་མཚོན་ཚུལ་མི་འདྲ་བའི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་བཞིན་ཡོད་པས། འཇིགས་སྐུལ་རིང་ལུགས་ཀྱི་དོན་རྐྱེན་སློང་མཁན་དང་། སྒྲིག་འཛུགས་བྱེད་མཁན། རོགས་དངུལ་སྤྲོད་མཁན་བཅས་ཚང་མ་ཁྲིམས་ལ་སྦྱོར་དགོས་ཞེས་ནན་བཤད་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་སྟེ་ཕ་ཁི་སི་ཐན་དང་ཀྲུང་གོ་སྲིད་གཞུང་། དེ་མིན་འབྲེལ་ཡོད་དབང་འཛིན་ལས་ཁུངས་དང་མཉམ་དུ་ཐེངས་འདིའི་བྱ་བ་ལེགས་པོ་སྒྲུབ་པར་རོགས་འདེགས་བྱ་དགོས་ཞེས་སྐུལ་ལྕག་གནང་།

ཀྲུའུ་ཞིའི་གསར་འགྱུར་གླེང་མོལ་གྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་གང་རུང་སྟེ། ཀུན་སློང་ཅི་ཡིན་པ་དང་དུས་ནམ་དང་ས་ཆ་གང་ཞིག་ཏུ་བྱུང་བ། སུས་ལག་བསྟར་བྱས་པ་བཅས་ཚང་མ་ཉེས་གསོག་གི་བྱ་སྤྱོད་ཡིན་པས་གཏན་ནས་གུ་ཡངས་གཏོང་མི་སྲིད། རྒྱལ་ཁབ་ཁག་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་གཞིར་བཟུང་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་བཟོས་པའི་འཇིགས་སྐུལ་གྱི་བྱ་སྤྱོད་མཐའ་དག་ལ་རྡུང་རྡེག་གཏོང་དགོས་པར་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།