ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་བར་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གྲོས་མཐུན་འགོད་པར་རེ་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5.jpg

ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་མའོ་སི་ཁོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་གྲོས་མོལ་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དྲུག་ཉིན་མའོ་སི་ཁོ་ནས་འཚམས་འདྲིར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་བར་གྱི་གྲོས་མོལ་མཚམས་འཇོག་མི་སྲིད་པ་དང་། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གྲོས་མཐུན་འགོད་པར་རེ་བཞིན་ཡོད་ཟེར། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་ཀུའུ་ཐི་ལོས་སི་གཉིས་ཀྱིས་ཨུ་རུ་སིས་སྤེལ་བཞིན་པའི་དམིགས་བསལ་དམག་དོན་འགུལ་སྐྱོད་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཡིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཞེས་པའི་འཛམ་གླིང་རང་བཞིན་གྱི་རྩ་འཛུགས་དེར་རྒྱབ་སྐྱོར་བྱེད་ཅིང་། ཤུགས་ཆེན་པོས་མཉམའ་བྲེལ་རྒྱལ་ཚོགས་ཀྱིས་གཞིར་འཛིན་པའི་རྩ་དོན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། མ་འོངས་པར་ཡང་སྔར་བཞིན་དེ་ལྟར་ཡིན་ཟེར། 

ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཐུར་ཁེའི་དབྱི་སི་ཐན་པོར་གྱིགྲོས་མོལ་ཁྲོད་གྲུབ་འབྲས་ཆེན་པོ་བླངས་ཡོད་ཀྱང་། ཕྱོགས་གཉིས་བར་གྲོས་མཐུན་བྱུང་རྗེས། ཨུ་རུ་སི་པུའུ་ཆཱའི་དོན་རྐྱེན་ལས་ཐར་མ་ཐུབ་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་འབྲེལ་བ་ཅི་ཡང་མེད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་མཱ་ལི་ཝུ་པའོ་ཨར་གྲོང་ཁྱེར་ནང་ཁུལ་གྱི་གནས་ཚུལ་རྙོག་འཛིང་ཡིན་ཀྱང་། གནས་དེའི་འཐབ་འཁྲུག་འགུལ་སྐྱོད་མཚམས་བཞག་པ་དང་། ཨུ་རུ་སིའི་དམག་དཔུང་གིས་སྤེལ་བའི་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་ཀྱང་རྒྱུན་ལྡན་ངང་འཁོར་བསྐྱོད་བྱེད་བཞིན་ཡོད། དེའི་ཞོར་དུ་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭ་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་ཀྱང་། ཁོས་བཀའ་རྒྱ་བཏང་ནས་འགུལ་སྐྱོད་རྩིས་མེད་དུ་གཏོང་དགོས་པའི་རེ་བ་བཏོན་ཡོད། གལ་ཏེ་ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་པ་བདེན་ན། ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་ནང་མི་སེར་དཀྱུས་མ་ཡོད་ན། ཝུའུ་ཁི་ལན་ཕྱོགས་ཀྱིས་དེ་དག་ཕྱིར་གཏོང་བའི་འོས་འགན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།