ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ལས་འཛིན་ཚོགས་པའི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ལས་འཛིན་ཚོགས་པའི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཚེས་ཉི་ཤུ་ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཀྱི་གོ་གནས་རེ་ཞུ་བྱེད་པ་དང་། ཨུ་རུ་སིའི་སྐོར་ཐེངས་དྲུག་པའི་བཀག་སྡོམ། མཱ་ལི་ཝུ་པའོ་ཨར་གྱི་གནས་བབ། ཝུའུ་ཁི་ལན་གྱི་བསྐྱར་འཛུགས་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཙེ་ལེན་སི་ཅི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཀྱི་གོ་གནས་ཐོབ་ཆེད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ལ་རྟོག་དཔྱོད་དྲི་གཞིའི་ལན་སྐོར་ཞིག་སྤྲད་ཡོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་གནད་དོན་གཙོ་བོ་དེའི་ཐད་ནས་ཚོགས་འདུ་བསྡུས་ཏེ་བརྡས་ཐག་གཅོད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར། མུས་ཞེ་ཨར་གྱིས་བསྟན་དོན། ཝུའུ་ཁི་ལན་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཀྱི་གོ་གནས་སྟེར་བའི་གནད་དོན་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་དྲུག་པའི་ཟླ་མཇུག་ཏུ་ཆོད་དོན་སྤེལ་རྩིས་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་མྱུར་མོར་ཨུ་རུ་སིའི་སྐོར་ཐེངས་དྲུག་པའི་བཀག་སྡོམ་བྱེད་ཐབས་ལ་ཆོག་མཆན་འགོད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་ཀྱིས་ཨུ་རུ་སིའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྐྱེལ་འདྲེན་ཕྱོགས་ཡོངས་ནས་གཏན་འགོག་བྱེད་པར་རེ་ཡོད་ཟེར། མུས་ཞེ་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་གནོན་ཤུགས་སྔར་ལས་ཆེན་པོ་སྟེར་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

མཱ་ལི་ཝུ་པའོ་ཨར་གྱི་འཐབ་འཁྲུག་ཐད་ནས་ཙེ་ལེན་སི་ཅི་ཡིས་བསྟན་དོན། མིག་སྔར་མཱ་ལི་ཝུ་པའོ་ཨར་གྱི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། ཡིད་འཕང་བ་ཞིག་ནི་ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་གནས་བབ་དེའི་ཐད་ནས་གྲུབ་འབྲས་བཟང་བོ་ལོན་མེད་པ་དེ་རེད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་མཱ་ལི་ཝུ་པའོ་ཨར་གྱི་བཀག་རྒྱ་བསྡོམས་པའི་མི་སྣའི་མྱུར་སྐྱོབ་གནད་དོན་ཐག་གཅོད་བྱེད་པར་རེ་བཞིན་ཡོད་ལ། ཨུ་རུ་སིའི་ཕྱོགས་བར་རྣམ་པ་གང་རུང་གི་མི་སྣའི་བརྗེ་སྤོར་བྱེད་འདོད་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་ད་རུང་བསྟན་དོན། མ་འོངས་པའི་ལོ་ངོ་གསུམ་གྱི་ཙུང་ཐུང་འགན་ཡུན་ནང་། ཁོས་འཐབ་འཁྲུག་མཇུག་སྒྲིལ་བའི་ཐད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།