ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་འགོར་འགྱངས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་གྲོས་མོལ་ཁྲོད་འགོར་འགྱངས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། དབྱི་ལིང་གིས་ཨ་མེ་རི་ཁས་དབྱི་ལིང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པའི་གྲོས་གཞིར་ལན་སྟེར་བར་ངང་སྒུག་བྱས་ཡོད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་དང་ཨ་མེ་རི་ཁས་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྦྱོར་པ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་བརྒྱུད་དེ་གནས་ཚུལ་བརྗེ་རེས་བྱེད་པ་དང་། དབྱི་ལིང་དང་དབྱིན་ཇི། ཀྲུང་གོ། ཧྥ་རན་སི། ཨུ་རུ་སི། འཇར་མན་སོགས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བ་ཡོད་པའི་ཕྱོགས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཡོད་ལ། ཨ་མེ་རི་ཁས་དབྱི་ལིང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པའི་གྲོས་གཞིར་ལན་སྟེར་བར་ངང་སྒུག་བྱས་ཡོད་ཟེར།

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་འགོར་འགྱངས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཀྱང་། མིག་སྔར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་སྣང་ཚུལ་མི་བཟང་རྒྱུ་མེད་པས། སྔར་བཞིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མྱུར་སྐྱོབ་བྱེད་པར་བར་སྟོང་བཟང་བོ་འདོན་སྤྲོད་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།