ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨུ་རུ་སིར་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པའི་ལས་བྱེད་མི་སྣ་བཅོ་བརྒྱད་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིར་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པའི་ལས་བྱེད་མི་སྣ་བཅོ་བརྒྱད་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་ཨུ་རུ་སིར་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཨེ་ཏི་ལོས་ཨར་ལ་ཐུག་འཕྲད་བྱས་ཏེ་བརྡ་ཐོ་སྤྲད་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ལྔ་ཉིན་རྒྱུ་མཚན་ཅི་ཡང་མེད་པར་ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་རྡུལ་ཕྲན་ནུས་པའི་ཐུན་མོང་འཐུས་ཚབ་ཚོགས་པར་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་ལས་བྱེད་མི་སྣ་བཅུ་དགུ་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པར་ཁ་ཚིག་དྲག་པོས་རྒོལ་གཏམ་བཏང་། ཨུ་རུ་སིའི་ཕྱོགས་ཀྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་བསྟུད་མར་ལོ་ངོ་བཅུ་ཕྲག་འགའི་རིང་ལ་བཙུགས་པའི་ཕྱོགས་གཉིས་ཀྱི་གྲོས་མོལ་དང་མཉམ་ལས་སྒྲོམ་གཞིར་གཏོར་བརླག་བཏང་བར་འགན་ཁུར་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་མཛའ་མཐུན་མིན་པའི་བྱ་སྤྱོད་ལ་རྒོལ་ལན་སྤྲོད་ཆེད། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སིར་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པའི་ལས་བྱེད་མི་སྣ་བཅོ་བརྒྱད་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་པ་དང་། མི་སྣ་དེ་དག་ཨུ་རུ་སིའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།