ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་འཇིགས་སྐུལ་ལས་ཨུ་རུ་སི་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་བཀག་རྒྱ་ཐེབས་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དག་གི་འཇིགས་སྐུལ་ལས་ཨུ་རུ་སི་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་བཀག་རྒྱ་ཐེབས་མི་སྲིད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅུ་གསུམ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་དྲ་ཐོག་ཏུ་གྲོས་མོལ་བྱེད་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་དག་གི་འཇིགས་སྐུལ་ལས་ཨུ་རུ་སི་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་བཀག་རྒྱ་ཐེབས་མི་སྲིད་ཟེར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱས་པ་དང་། ཝུའུ་ཁི་ལན་གྱི་དྲག་ཆས་ཚོགས་པས་འཇིགས་སྐུལ་རིང་ལུགས་ཀྱི་འཐབ་འཛིང་བྱེད་ཐབས་སྤྱད་པ། དེ་མིན་འཇིགས་སྐུལ་དང་དྲིལ་སྒྲོག གནས་ཚུལ་རྫུན་མ་བསྒྲགས་པ་སོགས་ལས་ཨུ་རུ་སི་ཡིས་སྔར་ནས་གཏན་འཁེལ་བྱས་པའི་དམིགས་འབེན་ཡོངས་འགྲུབ་བྱེད་པ་དང་ཨུ་རུ་སིའི་འཇིགས་ཉེན་མེད་པར་གཏོང་བར་བཀག་རྒྱ་ཐེབས་མི་སྲིད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།