ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཡིས་སྲིད་གཞུང་གསར་བས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ལི་གསར་བ་ཞཱ་པཱ་ཙི་ཞེ་ལི་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཕཱ་ཁི་སི་ཐན་གྱི་སྲིད་གཞུང་གསར་བས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་ཟེར། 

ཞཱ་པཱ་ཙི་ཞེ་ལི་ཧྥུའུ་ཡིས་ཉིན་དེར་རྒྱལ་ས་དབྱི་སི་ལན་པའོ་རུ་ཡོད་པའི་ཙུང་ལིའི་བཞུགས་ཤག་ནས་ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་གཞུང་ཚབ་ཚབ་མ་ཕང་ཁྲུན་ཞོས་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཕཱ་ཁི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་ཟབ་མོ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་སུ་ཟུག་ཡོད་པས་གཞོམ་གཞིག་བྲལ་བ་ཞིག་ཡིན། ཕཱ་ཁི་སི་ཐན་གྱིས་ཀྲུང་གོ་ནི་ཆེས་བཟང་བའི་གྲོགས་པོར་བརྩིས་ཡོད་པ་དང་། ཀྲུང་གོའི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད། ནམ་རྒྱུན་དུ་ཕཱ་ཁི་སི་ཐན་དང་ཀྲུང་གོས་ཕན་ཚུན་རྒྱབ་སྐྱོར་དང་གཉིས་ཕན་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་ཕན་ཚུན་བར་གྱི་དཔེ་སྟོན་ལྟ་བུར་བརྗོད་ཆོག་ཆོག་ཡིན། ཀྲུང་གོའི་མགོ་ཁྲིད་པའི་ཐུགས་ཁུར་འོག ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཟེར། 

ཞཱ་པཱ་ཙི་ཞེ་ལི་ཧྥུའུ་ཡིས་བསྟན་དོན། ཕཱ་ཁི་སི་ཐན་གྱི་སྲིད་གཞུང་གསར་བས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཞིང་ལས་དང་ཚན་རྩལ། སློབ་གསོ། དབུལ་སྐྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། བློ་སྤོབས་ཆེ་ཞིང་ཕན་འབྲས་མཐོ་བའི་སྒོ་ནས་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕཱ་ཁི་སི་ཐན་གྱི་འགྲོས་ཚད་གསར་གཏོད་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 

ཕང་ཁྲུན་ཞོས་ཀྱིས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་ནི་འཐབ་ཇུས་མཉམ་ལས་གྲོགས་པོ་བཟང་བོ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་བརྟན་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་གྱི་སྲིད་གཞུང་གསར་བའི་བར་མཉམ་ལས་ཟབ་མོ་བྱས་ཤིང་། སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་འཛིན་དང་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དང་། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་བའི་སྔར་ལས་འབྲེལ་བ་ཟབ་པའི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་ལས་སྐལ་ཐུན་མོང་ཚོགས་པ་གསར་བསྐྲུན་བྱེད་པར་རེ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།